ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱིས། བོད་ཀྱི་ཁྱིམ་ཚང་ཕྱུག་པོར་གྱུར། 2023-10-22


འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེ་ཡིན་པ།


འདི་ནི་ཕྱག་ཕྲེང་རྫོང་གི“ཀུ་ཤུ་དང་བོད་ཕག”འདེབས་གསོ་འཁོར་རྒྱུག་གི་དེང་རབས་ཞིང་ལས་གླིང་གི་སྐྱེ་ལྡན་ཀུ་ཤུ་དཔེ་སྟོན་རྟེན་གཞིར་ཡུལ་དེའི་བོད་རིགས་མང་ཚོགས་ཐར(གཡོན)དང་བཟང་སྐལ་གྱིས་བཏུས་མ་ཐག་པའི་ཀུ་ཤུ་སྟོན་བཞིན་པ།

འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་ས་མཐོའི་སྔོ་ཚལ་གྱི་དྲོད་ཁང་ཆེན་པོར་ཡུལ་དེའི་བོད་རིགས་མང་ཚོགས་སྒྲོལ་མ་ཚེ་རིང(གཡོན)དང་བསོད་སྒྲོལ་གྱིས་བཏུས་མ་ཐག་པའི་ཤིང་འབྲས་འབྲས་བུ་མེ་ཏོག་སྟོན་བཞིན་པ།

འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་རིག་ལྡན་ཞིང་ལས་ཀྱི་ས་མེད་འདེབས་ཁང་དུ་གྲོང་སྡེའི་འགན་འཁུར་བ་ཏིང་དབྱི(གཡོན)ཡིས་ཡུལ་དེའི་བོད་རིགས་མང་ཚོགས་སྒྲོལ་མ་གཡུང་དྲུང་ལ་ཤིས་ཀྭ་ཡི་གཡོག་བྱེད་ལག་རྩལ་དང་ཡིད་གཟབ་བྱེད་དགོས་པའི་དོན་ཚན་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་ཕྱག་ཕྲེང་རྫོང་གི“ཀུ་ཤུ་དང་བོད་ཕག”འདེབས་གསོ་འཁོར་རྒྱུག་གི་དེང་རབས་ཞིང་ལས་གླིང་དུ་ཡུལ་དེའི་བོད་རིགས་མང་ཚོགས་སྐལ་བཟང་དབང་འདུས་ཀྱིས་ཕྲེང་སྟོད་གྲོང་རྡལ་རྫོང་མདའ་གྲོང་ཚོའི་བོད་ཕག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་བོད་ཕག་འཚོ་བཞིན་པ།

འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་རིག་ལྡན་ཞིང་ལས་ཀྱི་ས་མེད་འདེབས་ཁང་དུ་ཡུལ་དེའི་བོད་རིགས་མང་ཚོགས་རིག་སྐྱིད་ཀྱིས་ཀྲོ་མ་ཀྲུ་འཐུ་བཞིན་པ།

འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་འགན་འཁུར་བ་ཏིང་དབྱི་ཡིས་ལི་ཐང་རྫོང་གི་དེང་རབས་ཞིང་ལས་གླིང་གི་གྲངས་འཛིན་ལས་སྟེགས་སུ་གྲོང་སྡེའི་ས་ཁོངས་མི་འདྲ་བའི་འཁོར་རྒྱུག་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་རིག་ལྡན་ཞིང་ལས་ཀྱི་ས་མེད་འདེབས་ཁང་དུ་ལས་དོན་པ་ལིའུ་ཀྲེན་གོ་ཡིས་ཚོད་འཛིན་སྒམ་བཀོལ་སྤྱོད་བྱེད་བཞིན་པ།

འདི་ནི་ལི་ཐང་རྫོང་གི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་རིག་ལྡན་ཞིང་ལས་ཀྱི་ས་མེད་འདེབས་ཁང་ཡིན་པ།

འདི་ནི་ཕྱག་ཕྲེང་རྫོང་གི“ཀུ་ཤུ་དང་བོད་ཕག”འདེབས་གསོ་འཁོར་རྒྱུག་གི་དེང་རབས་ཞིང་ལས་གླིང་གི་སྐྱེ་ལྡན་ཀུ་ཤུ་དཔེ་སྟོན་རྟེན་གཞིར་ཡུལ་དེའི་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་ལས་དོན་པས་གནམ་དཔྱད་ས་ཚིགས་དང་འབུ་དཔྱད་ས་ཚིགས་ཀྱི་འཁོར་རྒྱུག་ལ་ཞིབ་བཤེར་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཕྱག་ཕྲེང་དང་ལི་ཐང་སོགས་རྫོང་གིས་ཡུལ་དེའི་དོན་དངོས་ལ་གཞིགས་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། བོད་ཕག་དང“གླིང་སྣེའི་ཤིང་འབྲས་དང་སྔོ་ཚལ”སོགས་ས་མཐོའི་ཞིང་ལས་ཐོན་ཟོག་གཙོ་བོར་བྱས་པའི་ཐོན་ལས་གླིང་བསྐྲུན་ཏེ། ཡུལ་དེའི་བོད་རིགས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ་རེད།

ཕྱག་ཕྲེང་རྫོང་གིས་ས་མཐོའི་ཀུ་ཤུ་དང་ས་མཐོའི་བོད་ཕག་གི་ཁྱད་ལྡན་ཐོན་ལས་ཆེན་པོ་གཉིས་གཙོ་བོར་བཟུང་ནས། འདེབས་གསོ་འཁོར་རྒྱུག་གི་དེང་རབས་ཞིང་ལས་གླིང་དང་དེ་བཞིན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། ས་མཐོའི་ཀུ་ཤུ་འདེབས་པའི་ཐད་2022ལོར་གླིང་དུ་བཅའ་སྡོད་ཀུང་སིས་མཉམ་ལས་ཞིང་དུད་ནས་ཀུ་ཤུ་ཏུན་2470ཉོས་ནས་ཞིང་དུད་ཁྲི་494ཡི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག ཞིང་དུད་400ལྷག་ཙམ་གྱིས་གླིང་དུ་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི་680ལྷག་ཙམ་བྱུང་ཡོད། ས་མཐོའི་བོད་ཕག་གསོ་ཚགས་ཀྱི་ཐད་2023ལོར་རྫོང་དེས་ཚོད་དཔག་བྱས་ན་བོད་ཕག་བཤའ་ཚད་ཁྲི་2.35ཟིན་ནས་རྟེན་གཞིའི་ཞིང་དུད་ལ་གླ་པ་རྒྱུག་པ་སོགས་ཀྱི་ཡོང་འབབ་ལོ་རེར་ཆ་སྙོམས་སྒོར་ཁྲི་110ལྷག་ཙམ་འཕར་ཡོད་པ་རེད།

ལི་ཐང་རྫོང་ཁོངས་ཀྱི་མ་སྐྱེས་ཨ་མའི་ལྡུམ་རའི་གྲོང་སྡེའི་ས་བབ་མཐོ་ཚད་སྨི་3600ཙམ་ཡོད་པ་དང་དེ་ནི་ཞིང་ཁའི་མཛེས་ལྗོངས་དང་ཞིང་ལས་ཐོན་སྐྱེད་རྨང་གཞིར་བྱས་ནས“ཐོན་ལས+སྤྲོ་གསེང+རིག་གནས+ཚན་རྩལ་ཁྱབ་གདལ”བཅས་ཀྱི་ནུས་པ་མཉམ་འདྲེས་བྱས་ཏེ་འཆར་འགོད་བྱས་ནས་བསྐྲུན་པའི་ཞིང་ཁའི་ཕྱོགས་བསྡུས་སྒྲིག་གཞི་ཞིག་ཡིན་ལ། ལི་ཐང་རྫོང་གི་དེང་རབས་ཞིང་ལས་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཞིང་གྲོང་དེས་ཧྲན་ཏུང་ནས་དྲོད་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ་གྱི་དེང་རབས་ཅན་གྱི་འདེབས་རྩལ་ནང་འདྲེན་བྱས་ནས་འབྱུང་འཕྲོད་སྐྱེ་ལྡན་གྱི་རྣམ་པར་བརྟེན་ནས་ས་མཐོར་ཀྲོ་མ་ཀྲུ་དང་། འབྲི་ཏ་ས་འཛིན། ཨོ་སུན། ཤིས་ཀྭ་སོགས“གླིང་སྣེའི་ཤིང་འབྲས་དང་སྔོ་ཚལ”རིགས་བཅུ་ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་བཏབ་པ་དང་། ཉེ་འགྲམ་གྱི་གྲོང་ཚོ་13གྱི་བོད་རིགས་མང་ཚོགས་དུད་ཚང་ཆིག་སྟོང་ཙམ་ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་120ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ་རེད།