བཞད་མཐོང་སྨོན་རྫོང་གིས“གཤམ་སྤེལ་གསུམ”གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2023-12-01

 ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས“ང་ཚོའི་ཀྲུང་གོའི་ཕུགས་འདུན། ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་སྤེལ”བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་རྒྱུན་མཐུད་རམ་འདེགས་བྱས་པ་རེད།

བྱེད་སྒོའི་རིང་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་ཟུང་འབྲེལ་བྱས་ཤིང་། རིམ་ཁག་སྒྲོག་འགྲེལ་བས་གོ་བདེ་བའི་སྐད་ཆས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་། རྫོང་སྒྱུ་རྩལ་ཚོགས་པས་རྒྱལ་གཅེས་ཀྱི་བསམ་པ་མཚོན་པའི་གླུ་གཞས《ཚོགས་ཆེན་ཉི་ཤུ་པར་བསྟོད་པ》དང《མི་རིགས་མཐུན་སྒྲིལ་གྱི་གླུ་གཞས》བླངས་པ་རེད། ཁོ་ཚོས་འཁྲབ་སྟོན་བྱས་པའི་ལྷ་མོ《སྣང་ས། རྒྱ་བཟའ》དང《ཐང་གཞས། བསོད་ནམས་ཆེན་པོ》ལས་རྫོང་ཡོངས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བཏང་པའི་གྲུབ་འབྲས་ལེགས་པར་མཚོན་ཞིང་། གླུ་གཞས《བདེ་སྐྱིད་ལྡན་པའི་བོད་ལྗོངས》ལས་དུས་རབས་གསར་པ་དང་འཚོ་བ་གསར་པར་བཅངས་པའི་སྤྲོ་བ་མཚོན་པ་དང་། འཁྲབ་སྟོན་བྱ་ཡུལ་དུ་དགའ་བསུ་ཞུ་བའི་བར་མེད་དུ་གྲགས།

ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། བཞད་མཐོང་སྨོན་རྫོང་གིས་རིག་གནས་ཀྱི་གདེང་ཚོད་མུ་མཐུད་བརྟན་དུ་བཏང་སྟེ། “དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ”བཅས་ཀྱི་ལས་འགན་ལ་དམིགས་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་བས་ཡག་པོར་ཁུར་ཏེ། དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཀྱི་ཡོད་པ་རེད།