ལྷ་ས་གྲོང་ཁྱེར་གྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་སྒྲོག་འགྲེལ་པ་རྩེ་གྲ་འདེམས་པའི་འགྲན་བསྡུར་ཆེ་མོ་གཉེར་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2023-12-19

འདི་ནི་འགྲན་བསྡུར་གྱི་གཟེངས་བསྟོད་བྱ་ཡུལ་ཡིན་པ།

རྒྱ་ཆེའི་གྲོང་མིའི“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་གླུ་གར་ཚོགས་པ)དང་། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་བཅས་ཀྱིས་གཉེར་འགན་འཁུར་བའི་ལྷ་ས་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་སྒྲོག་འགྲེལ་པ་རྩེ་གྲ་འདེམས་པའི་འགྲན་བསྡུར་ཆེན་མོ་ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་སྙན་སྒྲོན་ཚོམས་ཆེན་དུ་གཉེར་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་བཞིན་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད་རེད།

འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད་འདམ་གཞུང་རྫོང་ཁང་དམར་དགོན་གྱི་དགེ་འདུན་པ་བློ་བཟང་ཤེས་རབ་ལ་ཨང་དང་པོ་ཐོབ་པ་རེད། བློ་བཟང་ཤེས་རབ་ཀྱིས“ངས་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ཧུར་ཐག་སྒྲུབ་ཀྱི་ཡིན། གལ་སྲིད་སླད་ཕྱིན་གོ་སྐབས་དེ་འདྲ་ཡོད་ཚེ་ད་དུང་ཧུར་ཐག་ཞུགས་ཀྱི་ཡིན”ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཚང་མས་བཅའ་ཁྲིམས་ཀྱི་ཤེས་བྱ་དེ་བས་་གཏིང་ཟབ་པོ་ཤེས་པ་མ་ཟད། བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་ཡག་པོ་ཐུབ་ཡོད་ཅེས་བཤད། “གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོཌ་མུ་མཐུད་རྒྱ་ཁྱབ་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཁྲིམས་སྦྱོང་གི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་པ་བཅས་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་གྲུབ་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁོའོ་ཡི་ཁོའོ་ཀྲང་སྤེན་སྒྲོན་སྒྲོལ་མས་བཤད།