འབད་འབུངས་ཡར་བརྩོན་རྒྱང་ལམ་གསར་པར་སྐྱོད། དངོས་སྒྲུབ་དོན་གཉེར་འབྱུང་འགྱུར་གསར་པ་གཏོད། 2023-03-14

4642975_huangzy_1678723200000_s.jpg

པར་འདི་ནི་། ཟླ་3ཚེས་13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་འཚོགས་པ།

4642971_huangzy_1678723200000_s.jpg

པར་འདི་ནི་།བོད་ཀྱི་འཐུས་མི་ཚོཌ་པའི་འཐུས་མི་ཚོས་གཏམ་བཤད་ནན་ཏན་ངང་གསན་བཞིན་པ།

4642967_huangzy_1678723200000_s.jpg

པར་འདི་ནི་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་མས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།

4642969_huangzy_1678723200000_s.jpg

པར་འདི་ནི་། ཚོགས་ཆེན་རིང་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་སྤེལ་རེས་གནང་བཞིན་པ།

4643934_huangzy_1678723200000_s.jpg

པར་འདི་ནི་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མིས་ཚོགས་འདུའི་བར་གསེང་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བཞིན་པ།

4642963_huangzy_1678723200000_s.jpg

པར་འདི་ནི་།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་རྗེས་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཚོགས་ར་ནས་ཕེབས་བཞིན་པ།

4642973_huangzy_1678723200000_s.jpg

པར་འདི་ནི་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པ་མི་དམངས་ཚོགས་ཁང་ཆེ་མོ་ནས་ཕེབས་བཞིན་པ།

ཁྲང་ཨན་ཁྲོམ་གཞུང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། གནམ་བདེ་སྒོ་མོའི་ཐང་ཆེན་དུ་དར་དམར་ལྷབ་ལྷུབ་གཡོ།

ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ལོ་རྒྱུས་ཀྱི་ལས་འགན་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་བཅངས་ནས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། རང་འགན་ནན་ཏན་སྒྲུབ་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཏེ། སྔོན་གཏན་འཁེལ་བའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།

འཐུས་མི་དང་ཨུ་ཡོན་ཚོས་དཔའ་ངར་ཆེར་སྐྱེད་ངང་ངེས་པར་དུ་གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་ཡར་བརྩོན་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཡོང་བའི“དོན་ཆེན་བཞིར”དམིགས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་དཔེ་སྟོན་ཁུལ་སོགས་འཛུགས་གཏོད་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ“མདུན་གྲལ་དུ་སླེབས་པ་བཞིའི”བྱ་སྤྱོད་དངོས་ལ་ཏན་ཏིག་འགྱུར་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས།