སློབ་གྲྭ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་གྲྭ་ཁག་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས“སློབ་སྲུང་ལས་གནས”དང་བདེ་འཇགས་ལམ་ཐིག་བཟོས་ཏེ་གནས་གཏན་འཁེལ་དང་། མི་གཏན་འཁེལ། འགན་འཁྲི་གཏན་འཁེལ་བཅས་ཀྱིས་སློབ་གྲྭའི་སྒོ་འགྲམ་དུ་བཀོད་འདོམས་དང་། དོ་དམ་ཚོད་འཛིན། ལམ་གཤོང་བ་བཅས་བྱས་ཏེ་རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བློ་བདེ་པོས་སློབ་གྲྭར་སྐྱོད་པ་དང་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པར་བྱེད་བཞིན་ཡོད།
འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་སློབ་ཆུང་སློབ་མར་གཞུང་ལམ་སྒྲོལ་རོགས་བྱེད་བཞིན་པ།