“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས”ཀྱི་སྒྲོག་འགྲེལ་ཆེན་པོ་འགོ་ཚུགས་པ། 2023-03-25

6d908e26-5036-490f-9156-9293227fcbba.jpg.jpg

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ཆེད། ཟླ་3ཚེས་23ཉིན“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས”ཀྱི་སྒྲོག་འགྲེལ་ཆེན་པོའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་སྙེ་མོ་རྫོང་དུ་འཚོགས་པ་རེད། འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ཆེད། ཟླ་3ཚེས་23ཉིན“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས”ཀྱི་སྒྲོག་འགྲེལ་ཆེན་པོའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་སྙེ་མོ་རྫོང་དུ་འཚོགས་པ་རེད།

“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས”ཀྱི་སྒྲོག་འགྲེལ་ཆེན་པོའི་བྱེད་སྒོའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། འབྲེལ་ཡོད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དེ་བཞིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་ནང་དོན་གཙོ་བོར་བྱས་ནས། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་སྒྲོག་འགྲེལ་རྩ་གནད》དང་། 《རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་སྒྲོག་འགྲེལ་གཙོ་གནད》《གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྒྲོག་འགྲེལ་གཙོ་གནད》སོགས་ནང་དོན་ལ་གཞིགས་ཏེ“སྦྲེལ་མཐུད་བཞི་དང་འགན་ལེན་བཞིའི”ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ནས་2023ལོའི་འགོ་ཁྲིད་ལས་བྱེད་པ“གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་ཆེན་པོ་དང་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སྒྲོག་འགྲེལ་གྱི་ཚ་རླབས་གང་མགྱོགས་འཕྱུར་བར་བྱས་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན“མི་སེར་ཕལ་པའི་ཁྱིམ་དུ”སྒྲོག་འགྲེལ་ཏན་ཏིག་ཐུབ་ཡོད།

སྙེ་མོ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཝུན་མིང་གིས། “གོམ་སྟབས་རྗེས་མར་ང་ཚོས་ཉེ་འགྲམ་གྱི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། དེ་བཞིན་ལས་རིགས་ཁག་གི་ལས་དོན་པ་དང་རིག་རྩལ་ལ་དགའ་པོ་ཡོད་མཁན་བརྒྱུད‘དྲ་ཐོག་དང་དྲ་ཕྱི’ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་ཁུངས་དང་། སྡེ་ཁུལ། ཁྱིམ་ཚང་བཅས་སུ་དྲིལ་བསྒྲགས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསལ་པོ་བརྗོད་པ་དང་གསལ་པོ་ཤེས་པར་བྱས་ཏེ་ཚོགས་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།