རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ། 2023-03-25

ཉེ་ཆར། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་64འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་དེ་སྔའི་པུའུ་ཀྲང་གཞོན་པ་མིག་དམར་ཚེ་རིང་གདན་དྲངས་ནས་ན་གཞོན་ཏང་ཡོན་ཚོར“ཁུང་ཧྥན་སེན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་དགོས”ཞེས་པའི་ཟུར་ཁྲིད་བྱས་པ་རེད།

མིག་དམར་ཚེ་རིང་གིས་བློ་མཐུན་ཁུང་ཧྥན་སེན་གྱི་མི་སེམས་འགུལ་བའི་བྱས་རྗེས་ནས་འགོ་བཙུགས་ཏེ་གཞོན་ནུ་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱི་སྙིང་དོན་ཟབ་མོ་དང་བསམ་བློའི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས། རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་གཞོན་ནུ་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བའི་ལྕག་སྐུལ་སྔར་ལས་ལྷག་པ་བྱས་པ་རེད།

ཟུར་ཁྲིད་ཉན་རྗེས་ཚང་མས། བདག་ལས་གཞན་གཅེས་དང་ལེགས་སྐྱེས་འབུལ་བར་སྤྲོ་བའི་བློ་མཐུན་ཁུང་ཧྥན་སེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་ཧུར་ཐག་བྱས་ནས་གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཏང་གི་བཀའ་དྲིན་ནམ་ཡང་བློ་ལ་བརྟན་པོར་ངེས་པ། ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།