སེ་ནེ་ཀལ་གྱི་སང་ཀེར་ལུས་རྩལ་ཐང་སྐྲུན་བཞིན་པ། 2023-03-28

fcee1ea2-a8ec-40d0-8e0f-c08fc525bcee.jpg.jpg

ཀྲུང་གོས་སེ་ནེ་ཀལ་ལ་རོགས་སྐྲུན་བྱས་པའི་ལུས་རྩལ་ཐང་བཞིའི་ཉམས་བཟོའི་རྣམ་གྲངས་ནི་དུས་རབས་གསར་པར་སླེབས་ཚུན་ཀྲུང་གོས་སེ་ནེ་ཀལ་ལ་རོགས་སྐྲུན་བྱས་པའི་རྣམ་གྲངས་ཆེ་ཤོས་ཡིན་པ་དང་། དེའི་ནང་ལུས་རྩལ་ཐང་བཞིའི་ཉམས་བཟོ་སྒྱུར་བཀོད་ཀྱང་ཚུད་ཡོད། སང་ཀེར་ལུས་རྩལ་ཐང་ཕུད་ལུས་རྩལ་ཐང་གཞན་གསུམ་ཅོར་པེ་ལེ་དང་། ཁའོ་ལ་ཁེ། ཅི་ཅིན་ཧྲའོ་ཨེར་བཅས་སུ་གནས་ཤིང་། འདི་ནི་ཉེ་ཆར་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་དུ་ཡོད་པའི་སང་ཀེར་ལུས་རྩལ་ཐང་དུ་བཟོ་པ་ཚོས་ཨར་སྐྲུན་བྱེད་བཞིན་པ