ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཁྲིམས་འཛིན་འགན་ནུས་མཐའ་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-23

ཉིང་ཁྲི་གྲོང་ཨུད་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཁྲིམས་སྒྱུར་དང་ཁྲིམས་འཛིན་འབྲེལ་མཐུད་ནུས་ལྡན་དང་། མཐུན་སྦྱོར་མཉམ་འགུལ། ཞབས་འདེགས་ནུས་ཆེ་བཅས་ཀྱི་རྣམ་པ་ཧུར་ཐག་གཏོད་པ་དང་། ཁྲིམས་སྐྱོང་ཅན་གྱི་གཉེར་ཚོང་ཁོར་ཡུག་རྩེ་གྲ་གཏོད་པ་བཅས་ཀྱི་ཆེད་དུ་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགན་ནུས་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་གྲོང་ཁྱེར་མི་སྤྱི་ཅུས་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁྲོམ་ར་ལྟ་འདོམས་ཅུས་སོགས་སྲིད་འཛིན་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་ལ་རང་འགུལ་ངང་ཤུགས་སྣོན་བརྒྱབ་པ་མ་ཟད། “འགྱངས་ཆད་གཉིས”ལ་ཁྲིམས་ལྟར་བཅོས་སྐྱོང་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་གཞོགས་འདེགས་མཐུན་སྦྱོར་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་ཁྲིམས་སྒྱུར་དང་ཁྲིམས་འཛིན་ལས་དོན་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་སྤེལ་རྒྱུར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་པ་རེད།

ཉེ་དུས་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཉམ་དུ“ཁྲིམས་ཁང+ཁྲོམ་ར་ལྟ་འདོམས”ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། 《ཤེས་བྱའི་བདག་དབང་རྩོད་གཞིའི་སྲིད་འཛིན་འདུམ་འགྲིག་གི་ཁྲིམས་འཛིན་གཏན་འཁེལ་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》(གཤམ་དུ“གྲོས་མཐུན”ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་པ་དང“ཁྲིམས་དཔོན་ལས་དོན་ས་ཚིགས”དང“ཤེས་བྱའི་བདག་དབང་འདུམ་འགྲིག་ལྟེ་གནས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཏེ་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་གི་ཆ་འཕྲིན་མཉམ་སྤྱོད་དང་། ཉམས་མྱོང་སྤེལ་རེས། ལས་སྒོ་གསོ་སྦྱོང་སོགས་ཀྱི་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་གི་མཉམ་ལས་འབྲེལ་བ་འཛུགས་པ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་གི་མཉམ་ཤུགས་གཅིག་སྒྲིལ། ཤེས་བྱའི་བདག་དབང་རིགས་ཀྱི་རྩོད་གཞི་སེལ་བའི་ཐབས་ལམ་རྒྱ་སྐྱེད་བཅས་བྱས་ཏེ་བརྟན་ལྷིང་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་་པ་བཅས་ཀྱི་ཁྲིམས་སྐྱོང་ཅན་གྱི་གཉེར་ཚོང་ཁོར་ཡུག་ཧུར་ཐག་བཏོད་ཡོད།

《གྲོས་མཐུན》གྱི་ནང་དོན་དོན་འཁྱོལ་ཞིབ་ཚགས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཤེས་བྱའི་བདག་དབང་གི་རྩོད་གཞི་ཞུ་གཏུག་དང་འདུམ་འགྲིག་འབྲེལ་མཐུད་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》མཉམ་དུ་བཀྲམ་ནས་ལས་ཀའི་དམིགས་ཚད་དང་། ལས་ཀའི་སྒྲིག་གཞི། ལས་ཀའི་གཙོ་གནད། དཔྱད་ཞིབ་ལམ་སྲོལ། དྲིལ་བསྒྲགས་ཁྱབ་གདལ། གྲོན་དངུལ་འགན་ལེན་སོགས་ལ་བླང་བྱ་ཞིབ་ཕྲ་བཏོན་པ་དང་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་བ་མ་ཟད། མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གཏན་འཁེལ་དང་འབྲེལ“ཤེས་བྱའི་བདག་དབང་དྲ་ཐོག་ནས་ཞུ་གཏུག་དང་འདུམ་འགྲིག་འབྲེལ་མཐུད་ལས་དོན་མཐུན་སྦྱོར་ཚོགས་ཆུང(འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྱོད་གཞི་ཐོ་འགོད་དིང་དུ་གཞུང་ལས་ཁང་བཙུགས་པ)”བཙུགས་ནས་དོ་བདག་གིས་འདུམ་འགྲིག་རེ་ཞུ་དང་། འདུམ་འགྲིག་བ་གཏོང་བ། འདུམ་འགྲིག་མངགས་བཅོལ་སོགས་ལ་སྟབས་བདེ་བསྐྲུན་ཡོད། ཤེས་བྱའི་བདག་དབང་གི་རྩོད་གཞི་འདུམ་འགྲིག་གི་འཇོན་ཐང་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཚོགས་པ་གཅིག”དང་། “ལྟེ་གནས་གཅིག” “ས་ཚིགས་གཅིག”བཅས་ཀྱི་བྱེད་ཐབས(ཤེས་བྱའི་བདག་དབང་གི་དམངས་དོན་དང་། ཉེས་དོན། སྲིད་འཛིན་བཅས་ཀྱི་གྱོད་གཞི“གསུམ་སྒྲིལ་གཅིག”གི་འདྲི་གཅོད་ཚོགས་པ་བཙུགས་པ་དང་། གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ་ཤེས་བྱའི་བདག་དབང་རྩོད་གཞི་འདུམ་འགྲིག་ལྟེ་གནས་བཙུགས་ནས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཏང་བའི་ཆེད་ལས་མི་སྣ་3དམིགས་བསལ་གདན་ཞུས་འདུམ་འགྲིག་པ་བྱས་ནས་རྩོད་གཞི་འདུམ་འགྲིག་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཡོད། ཁྲོམ་ར་ལྟ་འདོམས་ཅུས་སུ་ཁྲིམས་དཔོན་གྱི་ལས་སྒྲུབ་ས་ཚིགས་བཙུགས་ནས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཏང་བའི་ཁྲིམས་དཔོན་གྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལས་སྒོའི་གསོ་སྦྱོང་དང་། འདུམ་འགྲིག་མཛུབ་ཁྲིད། ཁྲིམས་འཛིན་ཁས་ལེན་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་ཡོད)ཁྱབ་གདལ་བཏང་བ་རེད།

གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ“ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས”དང“ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་ནི་གསར་གཏོད་ལ་སྲུང་སྐྱོང་བྱེད་པ་རང་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་ད་ཐེངས་ཀྱི་མཉམ་ལས་གོ་སྐབས་སུ་བྱས་ཏེ་ཁྲོམ་ར་ལྟ་འདོམས་ཅུས་དང་སྤེལ་རེས་བགྲོ་གླེང་དང་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་མཐུད་ལེགས་ཆ་གསབ་རེས་ཀྱི་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་གི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་བྱའི་བདག་དབང་གི་རྩོད་གཞི་དང་འདུམ་འགྲིག་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྟབས་བདེ་ཅན་དང་། ཁྲོམ་ར་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།