ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས། མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇཌ་ལ་གཡས་གཞོཌ་གཡོན་འདེཌ་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-23

འགྲིམ་འགྲུལ་གཞུང་ལམ་གྱི་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཞབས་ཞུའི་ལས་དོན་བཀོད་སྒྲིག་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ་དང་། འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་དང་རྫོང་འགྲིམ་འགྲུལ་ཉེན་རྟོག་པས་གཏན་འཇགས་ཀྱི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་ཐོག གཞུང་ལམ་ཞབས་ཞུའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་མངག་གཏོང་ཁང་དང་ཞིབ་བཤེར་ས་ཚིགས་དང་མཉམ་དུ་གཙོ་གནད་ལམ་དུམ་དང་དུས་ཚོད་སྐབས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་ཁྲིམས་སྒྱུར་པ་མི་འདང་བ་དང་མེད་པའི་གནད་དོན་ཐག་གཅོད་བྱས་ཡོད།

ཁ་ལོ་བར་དོ་དམ་ནན་པོ་བྱས་ནས“འགྲུལ་འཁོར་གཉིས་དང་ཉེན་འཁོར་གཅིག”དང་། ཟོག་འགྲེམས་རླངས་འཁོར། སློབ་གྲྭའི་རླངས་འཁོར། གྲོང་གསེབ་ཀྱི་ཁྱིམ་ཚང་རླངས་འཁོར་སོགས་གཙོ་གནད་རླངས་འཁོར་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་བསལ་ཡོད།

“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ། ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་དང་བང་སྒྲིག་མི་དགོས་པ་དང་། རྒྱུན་ཆད་མེད་པར་ཞབས་ཞུའི་བྱ་ཐབས་ལེགས་སུ་གཏོང་བ། “དྲ་རྒྱ+འགྲིམ་འགྲུལ་དོ་དམ་གྱི་ལས་སྒོར”སྐུལ་འདེད་གཏོང་བ། ཁ་ལོ་བའི་གློག་རྡུལ་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་བརྗེ་སྒྱུར་རེ་ཞུ་སོགས་ཀྱི་འགྲིམ་འགྲུལ་དོ་དམ་ལས་སྒོ་དྲ་ཐོག་ནས་སྒྲུབ་ཐུབ་པ་བཅས་བྱས་ནས་འགྲིམ་འགྲུལ་དོ་དམ་གྱི་ཞབས་ཞུ་ལེགས་སུ་བཏང་སྟེ་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།