ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་འགོག་རགས་མུ་མཐུད་བརྟན་དུ་བཏང་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཚོགས་ཞུགས་བློ་མཐུན་ཚོས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། (བཞི) ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-29

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་རིང་གནད་དོན་དགུ་ཁོང་དུ་བརྟན་པོ་ཆུད་དགོས་པ་བསྟན་ཡོད། “འཛིན་པ་དགུ”ཡི་ལག་ལེན་གྱི་བླང་བྱའི་གྲས་ཤིག་ནི“སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་འཛིན་དགོས”དེ་རེད། ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་དོན་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱུན་རྣམ་ཅན་དང་ཕུགས་ཕན་མངོན་གསལ་དོད་པོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་བྱེད་པས་བསམ་འཆར་ཧ་ཅང་ཆེ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་དང་ཡོ་བསྲང་ཤུགས་ཆེན་བྱེད་དགོས་པའི་ནན་བཤད་བྱས་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅོས་སྒྲིག་ནན་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྒྲིག་ཤུགས་ཆེན་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་དང་བླང་བྱ་བཏོན་ནས་འབེན་ཡོད་སར་མདའ་འཕེན་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

ཏང་གི་སྤྱོད་ཚུལ་དང་གཟུགས་བརྙན་ནི་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་དང་འབྲེལ་བ་ཡོད་པ་དང་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཕམ་གང་ཡོང་ཐག་གཅོད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་ལས་ཀའི་གཙོ་གནད་དང་དམིགས་ཚད་ལས་འགན་ལ་དམིགས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”མུ་མཐུད་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ་དང་། ནན་པའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ཆེན་པོས་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་པ་དེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་གྱི་ཡིན་ཞེས་ཚོགས་ཞུགས་བློ་མཐུན་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད།

སྒྲིག་འགལ་ངང་བཟའ་འཐུང་བྱས་ཚེ་རྟག་ཏུ་གནད་དོན་རབ་དང་རིམ་པ་ཐོན་སྲིད་པ་དཔེར་ན། ཤོག་ཁག་ཆུང་ངུ་དང་ཚོགས་པ་ཆུང་ངུའི་བཟའ་འཐུང་གི་ཆབ་སྲིད་གནད་དོན་དང་། བཟའ་འཐུང་ལ་ཁ་གཡར་ནས་ཁེ་ཕན་སྤྲོད་ཐབས་བྱེད་པའི་དཔལ་འབྱོར་གྱི་གནད་དོན། བཟའ་འཐུང་བྱས་ནས་ར་བཟི་འཁོར་གཏོང་དང་རྒྱན་འགྱེད་སོགས་ཁྲིམས་འགལ་ཉེས་གསོག་གི་སྤྱི་ཚོགས་གནད་དོན་ཐོན་གྱི་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་འགལ་ངང་བཟའ་འཐུང་བྱས་པའི་དཔེ་མཚོན་གྱོད་དཔེ་ལས་ཤེས་རྟོགས་བྱུང་གསལ། སྒྲིག་འགལ་ངང་བཟའ་འཐུང་བྱས་པ་དང་ཆབས་ཅིག་ད་དུང་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཁག་གཅིག་ཐོན་པ་དཔེར་ན། གཞུང་ལས་པ་དང་ཚོང་པ་དང་སྦྱིན་བདག་དབར་སྒྲིག་འགལ་ངང་བཟའ་འཐུང་བྱེད་སྐབས་རྟག་ཏུ་ལག་རྟགས་དང་འབུལ་ཚན་སྤྲོད་ལེན་སོགས་ཀྱི་ཁེ་ཕན་བརྗེ་རེས་ཀྱི་བྱེད་སྤྱོད་ཐོན་པ་དང་། གཞུང་ལས་པའི་དབར་སྒྲིག་འགལ་ངང་བཟའ་འཐུང་བྱེད་པ་དེ“ལྟ་བཤེར་དང་། ཞིབ་བཤེར། དཔྱད་དཔོག”བཅས་དང་། “མ་དངུལ་དང་རྣམ་གྲངས་རག་ཐབས་དང་དཔོན་གནས་རྒྱུག་སློང”སོགས་དང་ལེན་བྱེད་པའི“མངོན་མེད་སྒྲིག་སྲོལ”གྱི་གནད་དོན་དང་འབྲེལ་བ་ཡོད་པ། ཚན་པའི་ནང་ཁུལ་གྱི་སྒྲིག་འགལ་ངང་བཟའ་འཐུང་བྱེད་པ་དང་། རྒྱུན་དུ“དངུལ་སྦས་ཁུང”འཛུགས་པ། འགྲོ་གྲོན་དང་གཏོང་སྒོ་རྫུན་བཟོ་བྱེད་པ་སོགས་ཀྱི་གནད་དོན་ལྐོག་ཏུ་གནས་ཡོད། “སྤྱོད་ཚུལ་ནས་རུལ་སུངས་ལ་གྱུར་པ་དང་སྤྱོད་ཚུལ་དང་རུལ་སུངས་གཞི་གཅིག་ཅན་གྱི་གནད་དོན་ལ་ཞིབ་བཤེར་གཏིང་ཟབ་བྱ་ཆེད། ང་ཚོས་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱེད་པ་མཐའ་འཁྱོངས་ཀྱིས‘སྦྱིན་བདག་འགོ་ཁྲིད་ཀྱི་རྗེས་སུ་འབྲང་བ’དང་དོ་དམ་ཞབས་འདེགས་ཞུ་ཡུལ་གྱིས་སྒྲིག་འཛུགས་བྱས་པའི་ཆང་རག་འཐུང་བ་དང་བཟའ་འཐུང་བྱེད་པ་སོགས་ཚུལ་མིན་སྤྱོད་ཚུལ་ནང་ཞུགས་པ་དང་འབྲེལ་བའི་ཁེ་ཕན་སྤྲོད་པའི་གནད་དོན་དང་། ལྷག་དོན་དུ་ཤེས་རྟོགས་བྱུང་བའི་ཏང་ཡོན་ལས་བྱེད་པ་དང་གཞུང་ལས་པས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པ་དང་ཆང་འཐུང་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཀྱི་གནད་དོན་ལ‘རྩད་གཅོད་མཐའ་གསལ་བཞི’བྱེད་པ་སྟེ། གནས་ཚུལ་ཐོན་རྐྱེན་རྩད་གཅོད་མཐའ་གསལ་དང་། འབྲེལ་ཡོད་མི་སྣར་རྩད་གཅོད་མཐའ་གསལ། གནས་ཚུལ་ཐོན་ཁུལ་རྩད་གཅོད་མཐའ་གསལ། གནད་དོན་གྱི་ངོ་བོ་རྩད་གཅོད་མཐའ་གསལ་བཅས་བྱེད་པ་དང་ཆབས་ཅིག རུལ་སུངས་ཀྱི་གནད་དོན་ཁྲོད་གནས་པའི་སྤྱོད་ཚུལ་གྱི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ནས། སྤྱོད་ཚུལ་བཞིའི་ཐད་ཀྱི་རུལ་སུངས་གནད་དོན་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་ལིའུ་ཧྥུང་ཁྲུན་གྱིས་བཤད།

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་དགྲ་བོ་ཆེན་པོ་ཞིག་ཡིན་ཞིང་། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དཔེ་མཚོན་གྱོད་དཔེ་ཞིབ་བཤེར་དང་། རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར། སྐོར་གཟིགས་སྐོར་ཞིབ་དང་ལྟ་སྐུལ་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པའི་ཁྲོད་ནས་ས་གནས་དང་སྡེ་ཚན་གྱི་ལས་བྱེད་པའི་སྤྱོད་ཚུལ་དང་ཆབ་སྲིད་ཁོར་ཡུག་སོགས“གནས་ཚུལ་དངོས”ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ཡོངས་ཁྱབ་རང་བཞིན་དང་བསྐྱར་ཟློས་རང་བཞིན་གྱི་གནད་དོན་ཐོན་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱས་ནས་དམིགས་བསལ་གྱི་གྱོད་གཞི་གཙང་སེལ་དང་། གཙོ་གནད་ཆད་གཅོད་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་དང་ས་ཁོངས་ཧྲིལ་པོའི་བཅོས་སྐྱོང་ལ་འགྱུར་ལྡོག་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། “ང་ཚོས་ཆབ་མདོའི‘ལྟེ་བའི་ཡན་ལག་གྲོང་ཁྱེར’གྱི་ངེས་གནས་ལ་དམིགས་པ་དང‘འཛུགས་གཏོད་བཞི’དོན་འཁྱོལ་ལ་ཤུགས་རྐྱེན་བཟོ་བའི་ཚུལ་མིན་སྤྱོད་ཚུལ་ལ་དམ་པོར་དམིགས་ནས། རྨོངས་ཚོད་ཀྱིས་ཐབས་ཇུས་བཏོན་ཏེ་གཞུང་ཁོངས་རྒྱུ་ནོར་འཕྲོ་བརླག་གཏོང་བ་དང་། བཟའ་འཁྱེར་བཀག་ལེན་གྱིས་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་གཏོང་བ། བྱ་སྤྱོད་སྤེལ་འགོར་བས་རྣམ་གྲངས་ལག་བསྟར་ལ་ཤུགས་རྐྱེན་བཟོ་བ། འགན་འཁྲི་ཕར་དཀྲི་ཚུར་དཀྲི་བྱས་ཏེ་སྲིད་ཇུས་དོན་འཁྱོལ་ལ་འགོག་རྐྱེན་བཟོ་བ་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཡོ་བསྲང་དང་བཅོས་སྒྲིག་བྱེད་ཀྱི་ཡིན”ཞེས་ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཧྲི་ཡུས་ཀྱིས་བཤད།

འགན་མི་འཁུར་བ་དང་དགོས་པའི་ལས་མི་བྱེད་པ་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་གྱི་གྲས་ཤིག་ཡིན་ཞིང་། “ལྷ་ས་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་ལ། ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཀྱང་ཡིན་ཞིང་། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ཁུར་ཡོད་པས། ངེས་པར་དུ་དམ་པ་དོན་གཉེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་གཟུགས་བརྙན་གཏོད་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་ཁུར་བ། ལྟེ་བའི་གྲོང་ཁྱེར་གྱི་མིག་དཔེ་འདོན་པ་བཅས་བྱེད་དགོས། འགན་མི་འཁུར་བ་དང་དགོས་པའི་ལས་མི་བྱེད་པའི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་བསྟར་བ་དང་ཟུང་འབྲེལ་གྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་དམ་པོར་དམིགས་པ་དང་། ལྷ་ས་གྲོང་ཨུད་ཀྱི་གཙོ་གནད་ལས་དོན་ཁག་ལ་དམིགས་ནས་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་རྒྱུན་མཐུད་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ་དང་། ལྟ་སྐུལ་དང་དག་ཐེར་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་མཱ་ཝུན་ཆིང་གིས་བཤད་པ་རེད།