ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-02-01

དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་ནི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དང་འགྲོ་ལམ་ཐོག་མདུན་དུ་སྐྱོད་པར་འགན་ལེན་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུའི་ཐོག་ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། ཁྲིམས་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཏང་གི་དར་ཆ་དེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་མཐོན་པོར་གཡོ་བར་བྱེད་དགོས་པ་སྔར་བས་ནན་བཤད་བྱས་ཡོད།

ཏང་གི་རིག་གནས་ཀྱི་འགོ་ཁྲིད་དབང་ཆ་མཐའ་འཁྱོངས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་འཁུར་ཕོད་པ་དང་། ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ།

ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་ཀྱི་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་ས་མཐོའི་བུ་ཕྲུག་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་འཕེལ་བར་སྐུལ་སློང་བྱས་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ཚེ་གཞི་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་ཐུབ་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

ཆབ་སྲིད་ཀྱི་འགན་འཁྲི་བརྟན་དུ་གཏོང་དགོས་ཤིང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ནི་ཆབ་སྲིད་ཀྱི་ལས་དོན་ཞིག་ཡིན་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་བླང་བྱ་ཨང་དང་པོ་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཕྲག་ཐོག་ཏུ་འཁུར་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་ཁ་ཕྱོགས་སྟངས་འཛིན་དང་། སྟོན་ཕྱོགས་ལ་དམ་འཛིན། གཡུལ་སར་དོ་དམ། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས། གནད་དོན་གལ་ཆེན་དང་དོན་རྐྱེན་གལ་ཆེན་ཐད་དུས་ཐོག་ཏུ་ཁ་གསངས་གདོང་ལེན་དང་རལ་གྲི་འཕྱར་ཕོད་པར་བྱེད་དགོས། རིམ་ཁག་དྲིལ་བསྒྲགས་དང་བསམ་བློ་རིག་གནས་སྡེ་ཚན་གྱིས“སྲ་བརྟན་གཉིས”ཀྱི་རྩ་བའི་ལས་འགན་ཏན་ཏིག་འཁུར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས་སྔ་ཕྱི་བར་གསུམ་དུ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་ཀྱིས་བློས་འཁེལ་བའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས།

ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁྲིམས་སྐྱོང་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གཞི་རྩའི་བྱེད་ཐབས་ཤིག་རེད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། རིག་དངོས་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་། རྩོམ་གྱི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད། དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་ཚད་ལྡན་དུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས་ཤིང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མི་ནི་ཆེས་ལྟེ་བའི་རྒྱུ་རྐྱེན་ཞིག་རེད། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་དང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་བཅས་བྱས་ནས། ཕུལ་བྱུང་ཤེས་ལྡན་པའི་ནུས་རྩལ་ཀུན་འདོན་གྱི་རྣམ་པ་ཞིག་ཧུར་ཐག་གཏོད་པ་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། སློབ་གསོ་གསོ་སྦྱོང་དང་ལག་ལེན་གྱི་ཞུན་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་དགོས་ཤིང་། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས” ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “སྤྱོད་ཚུལ་བཞིར”ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཏང་ཡོན་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཆགས་པར་ཁྲིད་སྟོན་བཅས་བྱས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་ཀྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས།

རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། རིག་གནས་སྟོབས་ཆེན་བྱུང་ན་མི་རིགས་སྟོབས་ཆེར་འགྲོ དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་ཡོད། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ་དང་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ཡག་པོ་འཁུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།