ལྗང་མདོག་གློག་གསོག་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བཞིན་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-02-10

ལས་དོན་པས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ས་ཚིགས་བེད་སྤྱད་ཚུལ་ལ་ཤེས་རྟོགས་བྱེད་བཞིན་པ།

མང་ཚོགས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གློག་གསོག་བཞིན་པ།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་གཅིག་སྡུད་དཔལ་འབྱོར་ཐོན་ལས་རྣམ་གྲངས་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་གློག་གསོག་ས་ཚིགས་སྤྱོད་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང་། རུ་ཐོག་ཤང་ལྷ་ལུང་གྲོང་ཚོའི་ཡུལ་སྐོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་བ་དང་སྦྲགས་རུ་ཐོག་ཤང་གི་ཆུ་ཚན་དང་རི་མང་གངས་ཤུད་ར་བས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ནས་སྒེར་འཁོར་བཏང་སྟེ་ཡུལ་ལྗོངས་ལ་ལྟ་བར་འོང་གི་ཡོད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ལྷ་ལུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་ས་ཚིགས་བསྐྲུན་ནས་དེར་ཐད་རྒྱུག་གློག་གསོག་མཐའ་སྣེ་4དང་། སྤེལ་རྒྱུག་གློག་གསོག་མཐའ་སྣེ་4སྟེ་ཁྱོན་གློག་གསོག་མཐའ་སྣེ་བརྒྱད་བསྒར་བས། ནུས་རྒྱུ་གསར་པའི་རླངས་འཁོར་8ལ་དུས་གཅིག་ཏུ་གློག་གསོག་ཐུབ་པར་བརྟེན་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་3ཡོང་བཟོ་ཡོད་པ་རེད།