དྲ་རྒྱའི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱས་ནས་དྲ་རྒྱའི་ཁོར་ཡུག་ལེགས་སུ་གཏོང་བ། ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་ཐད་གཏོང་བ་6ལ་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-02-27

 དྲ་རྒྱའི་ཁོར་ཡུག་ལེགས་སུ་བཏང་ནས། ཁྲིམས་ལྟར་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་དང་དྲ་རྒྱའི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱ་ཆེད། སྤྱི་བདེ་པུས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་བཅོས་སྒྲིག་དང“དྲ་གཙང”ཆེད་དོན་བྱ་སྤྱོད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་མ་རབས་ཐ་ཤལ་གྱི་ཐད་གཏོང་བ་6ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་དྲ་རྒྱའི་ཁོར་ཡུག་གནད་དོན་ལ་བཅོས་སྒྲིག་སྔར་བས་ནན་པོ་བྱས་ནས་དྭངས་གཙང་དང་ཞི་མཐུན་གྱི་དྲ་རྒྱའི་བར་མཐོངས་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

ཟླ་2ཚེས1ཉིན། ལྷ་ས་དྲ་རྒྱའི་ཉེན་རྟོག་པས་ལས་དོན་སྤེལ་སྐབས“བོད་ལྗོངས་BC”ཞེས་པ་སོགས་ལྗོངས་ནང་ཁུལ་གྱི་དྲ་རྒྱའི་ཐད་གཏོང་བ་6གིས་དྲ་སྦྲེལ་ལས་སྟེགས་ཞིག་ཏུ“PK”བརྒྱབ་ནས་མ་རབས་ཐ་ཤལ་གྱིས་ཐད་གཏོང་བྱས་པ་དང་། ཐད་གཏོང་བྱེད་རིང་མི་འདི་དག་གིས་ཁྲེལ་མེད་ཀྱི་ནང་དོན་ཐེངས་མང་སྟོན་པ་དང་། མ་རབས་ཐ་ཤལ་གྱི་སྐད་ཆ་ཤོད་པ། ཆགས་སྲེད་ཀྱི་ཟུར་བརྡ་སྤྲོད་པ། ཁ་མཆུ་སློང་བའི་སྐད་ཆ་ཤོད་པ་སོགས་ལས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པ་ཤེས།

ལྷ་ས་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཐད་གཏོང་ནང་དོན་དཔང་ལེན་གྱི་འབྲེལ་ཡོད་ལས་དོན་སྤེལ་བ་དང་འབྲེལ་ཉེན་རྟོག་པ་ཧྲག་སྒྲུག་བྱས་ནས། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་དང་སྟོད་ལུང་ཆུས་སྤྱི་བདེ་ཅུས་དང་མཉམ་དུ་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་པ་ཆེ་གེ་མོ་དང་། མིག་ཆེ་གེ་མོ། སྐྱིད་ཆེ་གེ་མོ། ཕུན་ཆེ་གེ་མོ། ཆུང་ཆེ་གེ་མོ། དགེ་ཆེ་གེ་མོ་བཅས་མི་6ལ་ཁྲིམས་ལྟར་འབོད་འགུག་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། པ་ཆེ་གེ་མོས་ལྟ་མཁན་དང་ལག་རྟགས་དེ་བས་མང་བ་ཡོང་ཆེད། ཐད་གཏོང་བྱེད་མཁན་བུད་མེད་5དང་མཉམ་དུ“PK”བརྒྱབ་ཅིང་རྒྱལ་ཁ་ཐོབ་རྗེས་བུད་མེད་འདི་དག་ལ་མ་རབས་ཀྱི་ཉེས་ཆད་བཅད་དེ་དྲ་དམངས་མང་པོའི་བྱ་དགའ་ཐོབ་ཐབས་བྱེད་ཀྱི་ཡོད།

མི་6པོ་དེ་དག་གིས་དྲ་སྦྲེལ་ཐོག་མ་རབས་ཐ་ཤལ་གྱི་ཐད་གཏོང་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་ཆུས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་པ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་15བྱེད་པའི་ཆད་པ་བཅད་པ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མིག་ཆེ་གེ་མོ་དང་། སྐྱིད་ཆེ་གེ་མོ། ཕུན་ཆེ་གེ་མོ་བཅས་ལ་སྲིད་འཛིན་བཀག་ཉར་ཉིན་10ཡི་ཆད་པ་བཅད་པ། ཆུང་ཆེ་གེ་མོ་དང་དགེ་ཆེ་གེ་མོ་གཉིས་ལ་སྲིད་འཛིན་བཀག་ཉར་ཉིན་7བྱེད་པའི་ཆད་པ་བཅད་པ་དང་འབྲེལ་དྲ་འཕྲིན་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་མི་6གི་ཨང་རྟགས་ནམ་ཡང་སྤྱོད་མི་ཆོག་པའི་ཆད་པ་བཅད་པ་རེད།