ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་འཚོགས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-02-28

ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ཞིབ་འཇུག་གནང་བ་རེད།

ཡན་ཅིན་ཧའེ་ཡིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཡུན་གནས་ཀྱི་བརྗོད་དོན་གཙོ་བོ་དང་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས། དམ་འཛིན་ལྷོད་མེད་དང་། རྟག་ཏུ་སློབ་སྦྱོང་དང་གསར་བརྗེས། རྟག་ཏུ་སློབ་སྦྱོང་དང་ཡར་རྒྱས་ཡོང་བར་བྱས་ཏེ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཁྲོད་ནས་ཆོས་ཉིད་ལ་གོ་བ་ལེན་པ་དང་། ཁ་ཕྱོགས་གསལ་རྟོགས། ཐབས་ཤེས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱས་ནས་གཏིང་ཟབ་དང་། ནང་སེམས་ལ་འཇགས་པ། གཞན་སྒྱུར་བཅས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། རྒྱུན་སྲིང་ལྷོད་མེད་ངང་ལེགས་བཅོས་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དག་ཐེར་བཅོས་སྒྲིག་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་པར་མུ་མཐུད་དམ་འཛིན་ཡག་པོ་དང་། “གཞི་རིམ་དུ་སྐྱོད་པ་བཞི”དོན་འཁྱོལ། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་ཤུགས་ཆེན་བཅས་བྱེད་དགོས། རྒྱུན་སྲིང་ལག་བསྟར་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་གྲུབ་པའི་སློབ་སྦྱོང་གིས་སྣེ་ཁྲིད་དང་། བརྟག་ཞིབ་ཀྱིས་ལམ་འབྱེད། དངོས་སྒྲུབ་ཀྱིས་འགོ་བརྩམས་པ། སྤྱི་ཡོངས་མཉམ་འདྲེས་བཅས་ཀྱི་བསམ་ཕྱོགས་བཟང་པོ་དང་། སྔོན་ལ་ཇུས་འགོད་དང་། སྔོན་ལ་སྐུལ་འདེད། གནད་དོན་གཅིག་ལ་ལན་མཉམ་དུ་རྒྱག་པ། ཤུགས་ཕྱོགས་གཅིག་ལ་རྒྱག་པ་བཅས་ཀྱི་བྱ་ཐབས་བཟང་པོ་མཐའ་འཁྱོངས་ཡག་པོ་དང་། བེད་སྤྱོད་ཡག་པོ། རྒྱ་སྐྱེད་ཡག་པོ་བཅས་བྱས་ཏེ། རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཡན་ཅིན་ཧའེ་ཡིས་གསུངས་དོན། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བླང་བྱ་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པ་དང་། དངོས་སྒྲུབ་ལ་སྣང་ཆེན་དང་། ལས་དོན་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས། ཚན་རྩལ་གསར་གཏོད་མཐའ་འཁྱོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་པའི་ཁྱད་ཆོས་མངོན་གསལ་དང་། གཞི་རྩའི་ནང་དོན། ལྟེ་བའི་མཚོན་རྟགས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས། རང་བརྟེན་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་རང་མདངས་སུ་བྱེད་པ། གྲངས་དངོས་དཔལ་འབྱོར་མཉམ་འདྲེས་ཁ་ཕྱོགས་སུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ་ཚན་རྩལ་གྱི་གྲུབ་འབྲས་དེ་བས་མང་བ་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་བར་སྐུལ་འདེད་གཏོང་དགོས། སྒོ་དབྱེ་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཧུར་ཐག་གཏོད་པ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཐའ་མཚམས་མི་སེར་གྱི་ཁྲོམ་རའི་ཚོང་དོན་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ལྗོངས་ནང་ཁུལ་གྱི་ཁེ་ལས“ཕྱིར་བསྐྱོད་རྒྱུར”རྒྱབ་སྐྱོར་བྱེད་དགོས། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་མཐའ་འཁྱོངས་ཀྱིས་བསྐྱར་དུ་ལམ་ཆས་བསྡོགས་ནས་སླར་ཡང་རྡོག་ཐོན་བྱེད་པའི་འབད་འཐབ་ཀྱི་ཉམས་འགྱུར་དང་དུས་ཚོད་ཀྱིས་མི་མི་སྒུག་པའི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་ལོ་གསར་པའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་འགོ་ཚུགས་བཀྲ་ཤིས་ལ་བརྟེན་ནས་ལོ་ཧྲིལ་པོར་ཁྲིད་སྟོན་བྱེད་དགོས།