ཟངས་རི་རྫོང་གིས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-03-04

2023ལོ་ཚུན་དུ། ཟངས་རི་རྫོང་གིས“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཧུར་ཐག་བྱས་ཏེ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས་བྱ་ཐབས་དངོས་འདོན་པ་དང་། ཞན་ཆ་སེལ་བ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ་སྐྱེ་ཁམས་མིའི་འཚོ་སྡོད་ལ་འཚམ་པའི་གྲོང་གསེབ་གསར་པ་ཧུར་ཐག་བཏོད་པས་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྔར་བས་ལེགས་སུ་ཕྱིན་ཡོད། “མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། མཛེས་སྡུག་ལྡན་པའི་སྒོ་ར་གཏོད་པ། གྱང་རོ་བཅོས་སྒྲིག་བྱེད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་ཧུར་ཐག་བྱས་ནས་མི་ཕྱུགས་ལོགས་དབྱེར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་།“གང་ཞིག་འགྱུར་ལྡོག་གཏོང་དགོས་པ་དང་། སུས་འགྱུར་ལྡོག་གཏོང་དགོས་པ། འགྱུར་ལྡོག་ཇི་ལྟར་གཏོང་དགོས་པ”བཅས་ཁ་གསལ་བཟོས་ནས་ལས་འགན་ཁག་བགོས་དང་། བྱ་ཐབས་ཁ་གཏད། འགན་འཁྲི་ཁ་གསལ་བཅས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ“ཕྱིར་སྐྱོད་པ”དང་། སྤུན་ཟླའི་རྫོང་དུ་ལྟ་སྦྱོང་སློབ་སྦྱོང་བྱེད་པ། འཕྲེད་ཕྱོགས་ནས་ཧེ་བག་འཚོལ་བ་དང་སྤེལ་རེས་ལྟ་སྦྱོང་ཁྲོད་ཉམས་མྱོང་སྦྱོང་བ་བཅས་བྱས་ཏེ་དག་ཐེར་ཡོ་བསྲང་གི་བསམ་ཕྱོགས་རྒྱ་སྐྱེད་བཏང་བ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་མང་ཚོགས་ཀྱི“བདག་པོའི”འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གོམས་སྲོལ་བསྒྱུར་བ་དང་སྲོལ་གསར་གཏོད་རྒྱུར་ཁྲིད་སྟོན་བྱེད་པ། “སྐབས་ཐོག་སྒྱུར་བཅོས”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་འབྱུང་རྩ་ནས་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཕྱུགས་རིགས་ཀྱི་ལྕི་བའི་སྦགས་བཙོག་དང་མི་ཕྱུགས་མཉམ་སྡོད་ཀྱི་གནད་དོན་རྒྱུན་མཐུད་ཐག་གཅོད་བྱས་ཡོད།