གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་སྤྱོད་ཚུལ་ལེགས་སུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་ནུས་ཕྱོད་ཆེ་རུ་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-03-20

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་2023ལོ་ཚུན་དུ་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཁར། “བྱེད་ཕོད་པ་བཞི”ཡི་བླང་བྱ་ལག་ལེན་གཏིང་ཟབ་བསྟར་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུའི་ཁྲིད་སྟོན་བྱས་ཡོད།

རྣམ་གླིང་རྫོང་གིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ། “ཤངས་ཆུའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ”བཙུགས་པ་དང་སྲིད་འཛིན་གྲོང་ཚོའི་དཔེ་སྟོན་ས་ཚིགས་41ཧུར་ཐག་བཏོད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“‘འཛུགས་གཏོད་བཞི’དང་དམག་དཔུང་དང་ས་གནས་མཉམ་སྐྲུན་མཉམ་སྐྱོང་། གྲོང་གསེབ་ལས་བྱེད་ཤེས་ལྡན་མི་སྣ། ཞིང་འབྲོག་པ་ཏང་ཡོན། ལས་རིགས་རྩལ་ནུས”བཅས་དངོས་སྦྱོང་རྟེན་གཞི་5བསྐྲུན་པ། དེ་དང་དུས་མཚུངས་སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་དེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཞིང་། ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤངས་ཆུའི་འབྲུ་རིགས་དང་དངོས་ཟོག་བརྗེ་རེས་འདུ་ཚོགས་དང་རིག་གནས་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་གཉེར་བར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་1240ལྷག་ཙམ་བྱུང་བ། “ལྟ་ན་སྡུག་པའི་མཐོ་སྒང་། ཡིད་དབང་འཕྲོག་པའི་ཤངས་པ”ཞེས་པའི་ཚོང་འགུག་མ་འདྲེན་འོས་སྦྱོར་འདུ་ཚོགས་དང“སྤུས་རྟགས་རྫོང་སྟོབས། ཐོན་ལས་ནུས་སྒྲིལ”ཞེས་པའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས་གཉེར་བར་མཉམ་ལས་རྣམ་གྲངས་5ཡི་གན་རྒྱ་བཞག་པ་དང་འདོད་མཐུན་གྲོས་དན་མ་དངུལ་སྒོར་དུང་ཕྱུར་25.3ཟིན་པ། “ཏང་ཡོན་+མཉམ་ལས་ཁང་+མང་ཚོགས”ཀྱི་རྣམ་པ་བརྒྱུད་ཨེ་མའི་ཞོག་ཁོག་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་གྱི་སྐབས་དང་བསྟུན་ཏེ་ངལ་ནུས་གཏོང་ཤུགས་ཆེ་རུ་བཏང་ཞིང་། ལྷ་སའི་འབྲེལ་གཏུག་ཁྲུའུ་དང་། སྐོར་སྐྱོད་ཏང་ཡོན་ཞབས་ཞུའི་ས་ཚིགས། ལས་རིགས་ལག་རྩལ་དངོས་སྦྱོང་རྟེན་གཞི་སོགས་ཞབས་ཞུ་འགན་ལེན་སྒྲིག་གཞི་བཙུགས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།