ཆབ་མདོ་གྲོང་ཁྱེར་གྱིས་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-03-25

 ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་སོ་ནམ་དུས་ཚོད་དམ་འཛིན་བྱས་ཏེ་སྔ་ཙམ་བཀོད་སྒྲིག་དང་སྔ་ཙམ་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི“དམག་འཐབ་དང་པོ”ཡག་པོ་བརྒྱབ་སྟེ་འབྲུ་རིགས་ཐོན་སྐྱེད་ཐད་སླར་ཡང་ཟིན་ཐོ་གསར་པ་གཏོད་ཆེད་འགོ་ཡག་པོ་བཙུགས་པ་དང་གོམ་སྟབས་བརྟན་པོ་སྤོས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་འབྲུ་རིགས་མུའུ་ཁྲི་70.2(དེའི་ནང་ནས་མུའུ་ཁྲི་57ཚུད་པ)དང་སྔོ་ཚལ་མུའུ་ཁྲི་7.2འདེབས་རྩིས་ཡོད་པ་མ་ཟད། ད་དུང་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་རྒྱ་མ་ཁྲི་285.51དང་། ཞིང་སྤྱོད་རྫས་ལུད་ཏུན་8040 ཞིང་སྨན་ཏུན་24.26བཅས་ཉོ་སྒྲུབ་དང་གཏོང་འདྲེན་བྱ་རྩིས་ཡོད་པ་རེད།

མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་གྱིས་ས་ཞིང་མུའུ་ཁྲི་2.7(དེའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་2.41ཚུད་པ)འདེབས་འཛུགས་བྱས་པ་དང་། རྫས་ལུད་ཏུན་8040ཉོ་སྒྲུབ་དང་གཏོང་འདྲེན་བྱས་པ། དཔྱིད་འདེབས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་རྒྱ་མ་ཁྲི་222.84གཏོང་འདྲེན་བྱས་པ། ཞིང་སྨན་ཏུན་5.2ཉོ་སྒྲུབ་དང་གཏོང་འདྲེན་བྱས་པ། ཁྱིམ་ལུད་ཏུན་ཁྲི་46.52བསགས་པ། ཚོང་ཟོག་གི་སྐྱེ་ལྡན་ལུད་ཏུན་1242.7ཉོ་སྒྲུབ་བྱས་ཟིན་པ་རེད།