རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་གྱིས་རྨོད་གཉའ་གཅོག་པའི་མཛད་སྒོ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-03-25

 ཉེ་དུས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་ཚོགས་ཆུང་གི་གྲོང་མིས་རྨོད་གཉའ་གཅོག་པའི་མཛད་སྒོ་སྤེལ་ནས། སོ་ནམ་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་ལས་ལ་བྲེལ་བཞིན་མཆིས།

རྨོད་གཉའ་གཅོག་པའི་མཛད་སྒོར་མཐོ་ལྡིང་ཚོགས་ཆུང་གི་གྲོང་མིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་ཇ་དང་། ཕྱུར་བ། ཤ རྩམ་པ། རང་ཁྱིམ་གྱི་ཆང་བཅས་ཁྱེར་ནས་ཞིང་ནང་དུ་འཛོམས། མཛད་སྒོ་མཇུག་འགྲིལ་རྗེས་ཚང་མས་ཞིང་འགྲམ་དུ་བསྡད་ནས་མཉམ་དུ་ལོ་གསར་པར་ཆར་ཆུ་དུས་སུ་བབས་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།