འགོག་སྲུང་འཛིང་རགས་བསྐྲུན། གྲོང་གསེབ་དར་རྒྱས་བཏང་། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-04-05

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་དབུལ་སྒྲོལ་དང་། དམངས་འཚོ། འཛད་སྤྱོད་བཅས“འགོག་སྲུང་འཛིང་རགས་ཆེན་པོ་གསུམ”བརྟན་པོ་བསྐྲུན་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

དབུལ་སྒྲོལ་གྱི“འགོག་སྲུང་འཛིང་རགས”བརྟན་པོ་བསྐྲུན་ཏེ་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་བསྲུང་ཞིང་། མཛོ་སྒང་རྫོང་གིས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་དང་། མཐའ་མཚམས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་། ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་འཕྲད་པའི་དུད་ཚང་བཅས་ཚང་མར་སྟབས་བསྟུན་ལྟ་ཞིབ་ཚད་ལེན་བྱས་ནས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་པ་རེད། མིག་སྔའི་བར། རྫོང་དེས་ཁྱོན་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་191དང་མི་གྲངས་951ལ་དབྱེ་འབྱེད་བྱས་པའི་ཁྲོདཉེན་ཁ་མེད་པའི་དུད་ཚང་165དང་མི་གྲངས་814ཐོན་པ་རེད། སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་རང་བཞིན་གྱི་ལས་གནས་གནད་སྨིན་དོན་འཁྱོལ་བྱས་ནས་2023ལོར་སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཀྱི་ཁ་གསབ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་3493ལྷག་ཙམ་སྤྲད་པ་རེད།

དམངས་འཚོའི“འགོག་སྲུང་འཛིང་རགས”བརྟན་པོར་བཙུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཞིང་། མཛོ་སྒང་རྫོང་གིས་འོས་འགན་སློབ་གསོའི་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། མི་200རྒྱལ་ཁབ་རིམ་པའི་གསོ་སྦྱོང་སོགས་ཀྱི་སློབ་སྦྱོང་གསོ་སྦྱོང་ལ་མངགས་པ། ལྗོངས་ཕྱི་ནང་གི་གསོ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཁག་6ནང་འདྲེན་བྱས་པ། 2023ལོའི“འགན་ལེན་གསུམ”གྱི་འགྲོ་གྲོན་སྒོར་ཁྲི་3455.34གཤམ་སྤྲོད་བྱས་པ། འོས་འགན་སློབ་གསོའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་འགྲོ་གྲོན་སྒོར་ཁྲི་621.4སྤྲད་པ་བཅས་དང་། སྨན་བཅོས་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས་2023ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་98.3%ཟིན་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མིའི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་ཚད་100%ཟིན་པ། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)131གི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འདུ་འགོད་ཁག་308ལ་དམིགས་ནས་ཆུ་སྤུས་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་ཏེ་རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད་100%དང་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་98%ཟིན་གྱི་ཡོད་པ་རེད།

འབབ་འཕར་གྱི“འགོག་སྲུང་འཛིང་རགས”བརྟན་པོ་བསྐྲུན་ཏེ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ཞིང་། མཛོ་སྒང་རྫོང་གིས་ཕྱོགས་ཁག་གི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱི་བྲིན་ཚོང་ཁྲོམ་ར་རྒྱ་ཆེར་བཏང་སྟེ་ཕྱོགས་ཁག་གི་འབད་བརྩོན་འོག་ཞ་མོན་བཟོ་ཚོགས་ཀྱི་འཛད་སྤྱོད་རོགས་སྐྱོར་ཁྲོམ་རའི་ཐོབ་ཆ་ལོ་རེར་སྒོར་ཁྲི་3000རག་ཐབས་བྱས་པ་དང་ལོ་ལྟར་གནས་གཏན་འཁེལ་གྱིས་ཉོ་སྒྲུབ་བྱས་པའི་སྟར་ཁའི་སྣུམ་དང་སྟར་ཁའི་ནང་རྩི་སོགས་ཐོན་རྫས་ཀྱི་རིན་གོང་སྒོར་ཁྲི་ཆིག་སྟོང་ལས་བརྒལ་ནས། རྫོང་དེ་ཡོངས་ཀྱི་འབྲེལ་ཡོད་རྒྱུ་ཆ་དང་དེ་མིན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་གཞི་ཁྱོན་སྒོར་ཁྲི་3000ཡན་ཟིན་པར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི“དཔྱིད་ཀར་མཉམ་འཛོམས་ཀྱིས། མཛད་སྤྱོད་ལོངས་སུ་སྤྱོད”དང“སྣང་བ་སྐྱིད་པའི་དབྱར་ཁར། ཟས་མཆོག་མྱོང་རོལ་བྱེད”སོགས་ཀྱི་བྱེད་སྒོར་བརྟེན་ནས་རྫོང་ཡོངས་ཀྱི་སིལ་ཚོང་ལས་རིགས་དང་བཟའ་འཐུང་ལས་རིགས་ཀྱི་ཁེ་ལས་38མཉམ་དུ་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་པ་རེད། མིག་སྔའི་བར། རྫོང་དེས་ཞིང་ལས་ཐོན་རྫས་ཚོང་འདུས་ཐེངས་2གཉེར་བ་དང་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་8ལྷག་ཙམ་སྤྲད་དེ་འཛད་སྤྱོད་སྒོར་ཁྲི་250ལྷག་ཙམ་ལ་སྐུལ་ཁྲིད་བྱས་པ་རེད།