ཟླ་བ་དང་པོ་དང་གཉིས་པར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་སྟོན་གྲངས་མང་པོ་ཞིག་འཕར་ཏེ་ཕྱོགས་ཡོངས་ནས་བརྟན་ཐོག་ཡར་འཕར་གྱི་རྣམ་པ་མངོན་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-04-05

▲ ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་108.67ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བའི་ནང་ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་18.66ཟིན་པ་དེ་དུས་མཚུངས་ལས་23.7%འཕར་ཡོད།

ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། གྲུ་ཁའི་འདོན་འཇུག་བྱེད་ཚད་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བསྡོམས་རྩིས་སྟོན་གྲངས་མང་པོ་འཕར་ཡོད་པ་རེད།

འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་བ་སྟེ། ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་108.67ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བའི་ནང་ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་18.66ཟིན་པ་དེ་དུས་མཚུངས་ལས་23.7%འཕར་ཡོད་པ་རེད།

ཆུ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3861ཟིན་པ་དེ་དུས་མཚུངས་ལས་18.5%འཕར་ཡོད། གཞན་ཡང་། གྲོང་ཁྱེར་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་165.43ཟིན་པ་དེ་དུས་མཚུངས་ལས་22.6%འཕར་བའི་ནང་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་དང་གློག་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་60.18ཟིན་པ་དེ་དུས་མཚུངས་ལས་23.9%འཕར་བ་དང་། གྲོང་ཁྱེར་དུ་བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་58.04ཟིན་པ་དེ་དུས་མཚུངས་ལས་16.3%འཕར་བ། གྲོང་ཁྱེར་དུ་འཁོར་ལམ་འགྲིམ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་47.09ཟིན་པ་དེ་དུས་མཚུངས་ལས་29.5%འཕར་ཡོད།

དངོས་ཟོག་དབོར་ཚད་བརྟན་པོའི་ངང་འཕར་བ་སྟེ། ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ལམ་ཐོག་དངོས་ཟོག་འབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་54.54ཟིན་པ་དེ་དུས་མཚུངས་ལས་7.8%འཕར་བ་དང་། ཆུ་ཐོག་དངོས་ཟོག་འབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་14ཙམ་ཟིན་པ་དེ་དུས་མཚུངས་ལས་10.2%འཕར་ཡོད།

གྲུ་ཁའི་འདོན་འཇུག་བྱེད་ཚད་འཕར་མགྱོགས་ཙམ་ཡོད་པ་སྟེ། ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་26.15ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ་དང་། དེའི་ནང་དོས་སྒམ་འདོན་འཇུག་བྱེད་ཚད་སྒམ་ཁྲི་4951ཟིན་པ་དེ་དུས་མཚུངས་ལས་12.1%འཕར་ཡོད།