དངོས་མང་སྟོན་ཚོགས་བསྐོར། དངོས་ཟོག་གང་དགོས་ཉོས། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-27

ཟླ་4ཚེས་24ཉིན། 2024ལོའི་དཔྱིད་དུས་ཀྱི་ཀྲུང་གོའི་བོད་ཀྱི་ནོར་ཆས་དང་སྒྱུ་རྩལ་དངོས་རྫས་དངོས་མང་སྟོན་ཚོགས་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། དངོས་མང་སྟོན་ཚོགས་ཀྱི་ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། དེ་གར་ལྟ་སྐོར་དང་ཚོང་ཟོག་འདེམས་ཉོར་ཡོང་བའི་གྲོང་མི་དང་ཡུལ་སྐོར་བས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ཤིང་། འདི་ནི་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པས་ཚོང་ཟོག་སྒྲིག་བཞིན་པ།