འཇར་མན་གྱི་ཝུན་ཏ་མཚོ་ཐོག་རླུང་གློག་རྣམ་གྲངས། ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   | 2024-04-27

ཀྲུང་འཇར་ནུས་རྒྱུ་གཙང་མའི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ཀྲུང་གོའི་འབྲི་ཆུའི་འགག་གསུམ་ཚོགས་པ་མ་རྐང་ཚོད་འཛིན་ཀུང་སིས་གཉེར་སྐྱོང་བྱེད་པའི་འཇར་མན་གྱི་ཝུན་ཏ་མཚོ་ཐོག་རླུང་གློག་རྣམ་གྲངས་ཀྱིས་འདི་ལོའི་དུས་ཚིགས་དང་པོར་གློག་བཙོངས་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3.6ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་4.6%འཕར་ནས་འཇར་མན་གྱི་ཁྱིམ་ཚང་ཁྲི་36ལ་ནུས་རྒྱུ་གཙང་མའི་གློག་ནུས་མཁོ་འདོན་བྱས་ཡོད་པས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་མིའི་གློག་སྤྱོད་དགོས་མཁོ་སྐོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། འདི་ནི་འཇར་མན་གྱི་ཝུན་ཏ་མཚོ་ཐོག་རླུང་གློག་རྣམ་གྲངས་ཀྱི་ཟུར་ཞིག་ཡིན་པ།