ཤ་མོ་བཏབ་ནས་ཕྱུག་འགྱུར་ལམ་བུ་གཏོད། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-28

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པས་ཡུལ་བབ་དང་བསྟུན་ནས་ལག་རྩལ་མི་སྣ་གདན་ཞུ་བྱས་ཏེ་ཤ་མོ་བཏབ་པ་མ་ཟད། ཡུལ་དེ་གའི་མཉམ་ལས་ཁང་དང་བྲིན་ཚོང་གི་མཉམ་ལས་གྲོས་མཐུན་བཞག་པ་དང་། ཡུལ་དེ་གའི་མཉམ་ལས་ཁང་གིས་འདེབས་འཛུགས་བྱེད་པ་དང་ཀུང་སིས་གཅིག་གྱུར་ཐོག་ཉོས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་བཏོད་པ་རེད། འདི་ནི་ཤ་མོ་འདེབས་འཛུགས་མཉམ་ལས་ཁང་གི་ལས་མིས་ཤ་མོ་ཐུམ་སྒྲིལ་རྒྱག་བཞིན་པ།