རྒན་རྒོན་ལ་ལྟ་རྟོག་བྱེད་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-04-29

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་རྒན་རྒོན་གྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ནས་རྒན་གསོའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བ། རྒན་གསོའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒན་གསོའི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཁྱིམ་དུ་སྡོད་པ་དང་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་ལུས་གསོ་ཟུང་འབྲེལ་གྱི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་ཅིག་ཧུར་ཐག་བཏོད་པས། རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་གི་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་ལས་དོན་པས་རྒན་རྒོན་གྱི་རྐང་པར་འཕུར་མཉེད་གཏོང་བཞིན་པ།