དམངས་ཕན་ཞབས་ཞུས་འགྲུལ་པར་དྲོ་སྐྱིད་སྦྱིན། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-04-29

“ལྔ་གཅིག”གུང་གསེང་འཆར་ཉེའི་མཚམས་སུ་ལྷ་ས་མེ་འཁོར་བབས་ཚུགས་སུ་འགྲུལ་པ་མང་དུ་ཕྱིན་ཞིང་། འདི་ལོའི“ལྔ་གཅིག”གུང་གསེང་རིང་། ལྕགས་ལམ་སྐྱེལ་འདྲེན་གྱི་དུས་ཚད་ཟླ་4ཚེས་27ཉིན་ནས་ཟླ་5ཚེས་4ཉིན་བར་ཁྱོན་ཉིན་8ཡོད། ཀྲུང་གོ་ལྕགས་ལམ་མཚོ་བོད་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་གུང་གསེང་རིང་འགྲུལ་པ་མང་དུ་འགྲོ་བ་དང་བསྟུན་ནས་མེ་འཁོར་གཏོང་བའི་ཇུས་གཞི་ལེགས་སྒྲིག་དང་། མེ་འཁོར་གྱི་ལམ་ཐིག་ལེགས་སྒྲིག སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་བའི་ཕྱིར་སྐྱོད་དགོས་མཁོ་བསྐངས་ཤིང་། འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི“མཁའ་ལམ་སྐལ་བཟང་མེ་ཏོག”གཞོན་ནུ་དང་བླངས་པའི་ཞབས་ཞུ་རུ་ཁག་གི་ལས་དོན་པས་འགྲུལ་པར་ཞབས་འདེགས་ཞུ་བཞིན་པ།