དཔྱིད་ཀར་ཁམ་བུའི་མེ་ཏོག་ལ་ལྟ་བར་བསྐྱོད་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-04-29

འདི་ནི་ཡུལ་སྐོར་བས་བྱེད་སྒོ་སྤེལ་ཡུལ་ནས་ཁྱད་ལྡན་ཚོང་ཟོག་ཉོ་བཞིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཡུལ་སྐོར་བས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་སྒོར་གཞས་འཁྲབ་བཞིན་པ།

ལོ་ལྟར་གྱི་ཟླ་4པའི་ཟླ་འགོར། ལྷ་སའི་བྱང་ཕྱོགས་ཀྱི་རི་བོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པས་གྲོང་མི་དང་ཡུལ་སྐོར་བས་མེ་ཏོག་ལ་ལྟ་བར་སྐྱོད་ཡུལ་ཡག་ཤོས་སུ་གྱུར་ཞིང་། ཉེ་ཆར། 2024ལོའི་ལྷ་ས་གྲོང་ཁྱེར་ཉང་བྲན་རྐང་ཐང་པར་ལེན་གཟའ་འཁོར་གྱི་བྱེད་སྒོ་ཉང་བྲན་ཁྲོམ་གཞུང་གི་གར་རུ་གྲོང་ཚོར་སྤེལ་བ་རེད། དྲོ་འཇམ་དཔྱིད་ཀའི་ཉི་འོད་ཀློང་དུ་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་པའི་མེ་ཏོག་ལ་ལྟ་བ་དང་། ཞིམ་ཟས་ལོངས་སྤྱོད། ཚོང་འདུས་ལ་ལྟ་སྐོར་བཅས་ཀྱི་མཉམ་འགུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མིའི་ཡིད་དབང་ཡོངས་སུ་འཕྲོག་པར་བྱས་ཡོད།