ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཚོགས་པ་ཧུའུ་པེར་སྐྱོད་པ། ཧུའུ་པེའི་རིག་གནས་ཉམས་སུ་མྱོང་། དེང་རབས་ཀྲུང་གོ་འཚོལ་ཞིབ་བྱེད། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-04-30

འདི་ནི་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་སྒྲིག་གཞིའི་འཐུས་མི་དང་དེ་བཞིན་གསར་འགོད་པས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་ཐང་ཁྲེང་དུ་འཚམས་འདྲི་དང་ལྟ་སྐོར་བྱེད་བཞིན་པ།

ཟླ་4ཚེས་22ནས་25ཉིན་བར། ཕྱི་འབྲེལ་པུའི་གདན་ཞུས་ལྟར། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་25ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། སྒྲིག་གཞིའི་འཐུས་མི་དང་སྨྱན་སྦྱོར་གྱི་གསར་འགོད་པ་སོགས་ལས་གྲུབ་པའི་འཐུས་མི་ཚོགས་པས་ཧུའུ་པེར་འཚམས་འདྲི་བྱས་ཏེ། ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཉམས་སུ་མྱོང་བ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱས་པ་རེད།