ཧང་སར་ལྕགས་ལམ་སར་པི་ཡའི་མངའ་ཁོངས་ཀྱི་ནོ་སུའུ་དུམ་བུ་སྦྲེལ་མཐུད་ཐུབ་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-04-30

འདི་ནི་ཉེ་ཆར་སར་པི་ཡའི་བྱང་རྒྱུད་གྲོང་ཁྱེར་པ་ཆི་ཁ་ཐོ་པོ་ལཱར་ཧང་སར་ལྕགས་ལམ་རྣམ་གྲངས་ཀྱི་ཨར་ལས་མི་སྣས་ཧང་སར་ལྕགས་ལམ་སྦྲེལ་མཐུད་བྱེད་བཞིན་པ།

ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་25ཉིན་ཧང་སར་ལྕགས་ལམ་གྱི་ནོ་སུའུ་དུམ་བུ་སྦྲེལ་མཐུད་ཐུབ་པ་རེད། ཧང་སར་ལྕགས་ལམ་གྱི་ནོ་སུའུ་དུམ་བུ་དེ་སར་པི་ཡའི་ནོ་ཝུའེ་ས་ཏེ་བབས་ཚུགས་ནས་འགོ་ཚུགས་པ་དང་། མཐའ་མའི་བབས་ཚུགས་སར་པི་ཡ་དང་ཧང་ག་རིའི་མཐའ་མཚམས་བར་ཡིན་ཞིང་། ལམ་ཐག་ཧྲིལ་པོར་རིང་ཚད་སྤྱི་ལེ་108.1ཟིན་པ་དང་། 2023ལོའི་ཟླ་4ཚེས་6ཉིན་ལྕགས་ལམ་འདིང་འགོ་ཚུགས་ཡོད། མིག་སྔར་ཧང་སར་ལྕགས་ལམ་གྱི་ནོ་སུའུ་དུམ་བུའི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་བ་དང་། སྤྱི་ཡོངས་ཀྱི་ལས་གྲྭའི་མྱུར་ཚད་80%ཡན་ལེགས་གྲུབ་བྱུང་ཡོད་པ་རེད།