ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་མཁན་འཁུར་བའི་ཨར་ཅི་རི་ཡའི་འོད་ཤུཌ་གློག་ཁང་གི་རྣམ་གྲངས་ལས་འགོ་ཚུགས་པ། ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    | 2024-04-30

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨར་ཅིར་སི་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི(ཀྲུང་གོ་གློག་ཤུགས་འཛུགས་སྐྲུན)ཡིས་སྐྲུན་འགན་འཁུར་བའི་པི་སི་ཁེ་ལའི་ཀྲའོ་ཝ་220ཡི་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱི་རྨང་རྡོ་འདིང་བའི་མཛད་སྒོ་ཚེས་22ཉིན་ཨར་ཅི་རི་ཡའི་ཤར་ལྷོའི་རྒྱུད་ཀྱི་པི་སི་ཁེ་ལ་ཞིང་ཆེན་གྱི་པི་ན་མུའུ་རུ་འཚོགས་པ་རེད། ཨར་ཅི་རི་ཡའི་ནུས་རྒྱུ་དང་གཏེར་འདོན་པུའུ་ཀྲང་མོ་ཧན་མོ་ཏེ·ཨར་ཁ་པུའུ་མཛད་སྒོར་ཞུགས་ཡོད་པ་རེད།

ཨར་ཁ་པུའུ་ཡིས་རྨང་རྡོ་འདིང་བའི་མཛད་སྒོའི་ཐོག་པི་སི་ཁེ་ལའི་ཀྲའོ་ཝ་220ཡི་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱིས་ས་གནས་དེ་གའི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཨར་ཅི་རི་ཡའི་ནུས་རྒྱུ་ཕྱོགས་སྒྱུར་གྱི་འཐབ་ཇུས་མངོན་འགྱུར་བྱ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་རེད། ད་དུང་རྣམ་གྲངས་དེས་ལས་ཞུགས་ཀྱི་ལས་གནས་600ལྷག་ཙམ་བཏོད་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།