ཕྱི་འབྲེལ་པུས“ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཧའེ་ནན་དུ་སྐྱོད་པའི”བྱེད་སྒོ་གཉེར་བ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-04-30

ཟླ་4ཚེས་22ནས་26ཉིན་བར། ཕྱི་འབྲེལ་པུས“ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་འཛོམས། འཛམ་གླིང་དང་མཉམ་དུ་སླར་ཡང་མཚོ་འགྲུལ་བྱེད”ཅེས་བརྗོད་དོན་གཙོ་བོར་བྱས་ནས། “ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཧའེ་ནན་དུ་སྐྱོད་པའི”བྱེད་སྒོ་ཧའེ་ནན་དུ་གཉེར་བ་རེད།

མ་ཏ་ཀ་སི་ཁར་དང་། ཧྥིན་ལན། པུར་ཀ་རི་ཡ། ཁམ་ཕུ་ཁྲེ། བྷེ་ཨུ་རུ་སུ། འཇར་མན་སོགས་རྒྱལ་ཁབ་15ནས་ཡོང་བའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། སྤྱི་ཁྱབ་ཁེ་སྐྱོང་བ། མཐོ་རིམ་ཕྱི་འབྲེལ་དཔོན་བཅས་25ཧའེ་ནན་དུ་ལྟ་སྐོར་དང་འཚམས་འདྲིར་བསྐྱོད་པ་རེད།