ལྷ་སའི་ཆན་ཧྥུའུ་500ཡི་གློག་གཏོང་སྒྱུར་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-01

འདི་ནི་ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྲས་ཁང་གྲོང་ཚོར་ལྷ་སའི་ཆན་ཧྥུའུ་500ཡི་གློག་གཏོང་སྒྱུར་ལས་གྲྭའི་སྒྲོམ་ལྕོག་སྒྲིག་སྦྱོར་བྱེད་བཞིན་པ།

ཉེ་དུས། ལྷ་སའི་ཆན་ཧྥུའུ་500ཡི་གློག་གཏོང་སྒྱུར་ལས་གྲྭའི་སྐུད་ལམ་སྒྲོམ་ལྕོག་དང་པོའི་སྒྲིག་སྦྱོར་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཞིང་། དེ་ཐོག་ནས་ལས་གྲྭ་ཁག་བགོས་ཀྱི་དུམ་བུ་མང་ཆེ་བ་སྒྲོམ་ལྕོག་སྒྲིག་སྦྱོར་དུས་མཚམས་སུ་སླེབས་པ་མཚོན་ཡོད་ལ། རྗེས་མཐུད་ལས་གྲྭ་ལས་མཇུག་བསྒྲིལ་ནས་བེད་སྤྱོད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ཆན་ཧྥུའུ་500ཡི་གློག་གཏོང་སྒྱུར་ལས་གྲྭ་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་འོལ་ཁའི་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་ནས་འགོ་བཙུགས་པ་དང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ལྷ་སའི་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་ནས་མཇུག་བསྡུས་ཡོད། བར་དུ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དེ་བཞིན་ཆུས་དང་རྫོང་ལྔ་བཅས་བརྒྱུད་ཡོད་པ་དང་། སྐུད་ལམ་ཧྲིལ་པོ་ཁྱོན་དུམ་བུ་བདུན་ལ་བགོས་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ལོ་འཁོར་མོའི་མཁོ་སྤྲོད་འགན་སྲུང་རྣམ་གྲངས་གཙོ་བོ་ཡིན་པའི་ལས་གྲྭ་དེ་བསྐྲུན་ཟིན་རྗེས། བོད་ལྗོངས་ཀྱི་དབུས་རྒྱུད་གློག་དྲའི་ཐེག་ཚད་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་བོད་ལྗོངས་དབུས་རྒྱུད་ཀྱི་ཆུ་ཤུགས་གློག་ལྷག་མ་ཕྱིར་གཏོང་དང་མཚོ་བོད་ལྕགས་ལམ་གློག་རླངས་ཅན་གྱི་སྒྱུར་བཀོད་དགོས་མཁོ་ཡང་སྐོང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་སྣོན་རྒྱུ་རེད།