ཚལ་སྣེ་ཤང་སློབ་ཆུང་དུ“སློབ་གྲྭའི་བརྙས་བཅོས་སྔོན་འགོག”གི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-01

ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། དེ་བཞིན་རང་ངོས་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་སློབ་གསོའི་ལས་དོན་མི་སྣ་དང་ཁྲིམས་འཛིན་སུའོ་ཡི་ལས་དོན་མི་སྣས་ཚལ་སྣེ་ཤང་སློབ་ཆུང་དུ་བསྐྱོད་དེ“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ། སློབ་གྲྭའི་བརྙས་བཅོས་སྔོན་འགོག”གི་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་བསྡོམས་དགེ་སློབ་300ལྷག་ཙམ་ཞུགས་ཡོད། སློབ་མ་ཚོས་ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་ལས་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་བ་བྱས་ནས་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཁྲིམས་སྲུང་ཁྲིམས་སྤྱོད་དང་རང་བཀུར་རང་གཅེས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཅིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།