ལུས་རྩལ་གྱི་ཉམས་བཟང་མངོན། མཛེས་སྡུག་གི་འབྱུང་འགྱུར་གཏོད། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-01

སྐྱེ་དངོས་ཡོད་དོ་ཅོག་ལ་གསོན་ཤུགས་རབ་ཏུ་རྒྱས་པའི་མཛེས་སྡུག་ཉམས་དགའ་བའི་ཟླ་བཞི་པ་ནི་ལུས་རྩལ་རྩེ་བའི་དུས་ཚིགས་ཡག་ཤོས་ཤིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སྔ་རྗེས་སུ་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་བྱས་ཤིང་། དགེ་སློབ་ཚང་མ་ལུས་རྩལ་ཐང་དུ་འཛོམས་ནས་གསོན་ཤུགས་དང་ཉམས་འགྱུར་མངོན་པར་བྱས་པ་མ་ཟད། ལུས་རྩལ་གྱི་སྤྲོ་སྣང་ལོངས་སྤྱོད་བྱེད་བཞིན་ཡོད། འགྲན་རའི་ཐོག་ལུས་རྩལ་པ་ཚོ་བདེ་ལྕག་འཁྱུག་ཅིང་། ལྟད་མོ་བ་ཚོའི་ངར་སློང་བའི་སྒྲ་དང་དགའ་འབོད་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ཏེ་གཞོན་ནུ་ལོ་ཆུང་གི་ཡིད་ཆེས་དང་། སྤྲོ་སྣང་། བདེ་ཐང་། ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་བཞིན་མཆིས།

འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མ་ཚོས་རྒྱང་མཆོང་རྣམ་གྲངས་ཀྱི་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཚོས་ལུས་རྩལ་ཐང་དུ་ལུས་རྩལ་རྩེ་བཞིན་པ།

འདི་ནི་ལྷ་སའི་ཅང་སུའུ་སློབ་འབྲིང་གི་སློབ་མ་ཚོས་སྨི་100ཡི་ཐུང་རྒྱུག་འགྲན་བསྡུར་བྱེད་བཞིན་པ།