མེ་ཟོན་བདེ་འཇགས་སྔར་བས་ལེགས་སུ་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-02

འདི་ནི་མེ་ཟོན་དྲིལ་བསྒྲགས་པས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བར་ངོ་ཐུག་གདོང་འཕྲད་ཀྱིས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་མེ་ཟོན་དྲིལ་བསྒྲགས་པས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བར་ངོ་ཐུག་གདོང་འཕྲད་ཀྱིས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་མཛེས་ལྗོངས་ཁུལ་དུ་གངས་ལྗོངས་ཀྱི་མེ་གསོད་རུ་མིས་ཡུལ་སྐོར་བར་དམངས་ཕན་ཞབས་འདེགས་ཞུ་བཞིན་པ།

འདི་ནི་མེ་ཟོན་ལྟ་སྐུལ་བས་མཛེས་ལྗོངས་ཁུལ་དུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱེད་བཞིན་པ།

མཛེས་ལྗོངས་ཁུལ་ཁག་གི་མེ་ཟོན་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་ལ་སྐོར་གཡེང་དང་ཞིབ་བཤེར་ཧུར་ཐག་བྱས་ཏེ་མེ་གསོད་རུ་མི་སྒྲིག་འཛུགས་ཀྱིས་མཛེས་ལྗོངས་ཁུལ་གྱི་གློག་སྐུད་དང་། སོལ་རླངས་མདོང་ལམ། མེ་ཟོན་སྒྲིག་ཆས་སོགས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད།

མཛེས་ལྗོངས་ཁུལ་ཁག་ཏུ་མེ་ཟོན་དྲིལ་བསྒྲགས་པ་མངགས་ཏེ་གོ་བདེ་ཤེས་སླའི་སྐད་ཆ་ནས་མཛེས་ལྗོངས་ཁུལ་གྱི་ལས་དོན་པ་དང་ཡུལ་སྐོར་བར་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་གི་གཙོ་གནད་དང་། དེ་བཞིན་མེ་ཟོན་ཉེན་བརྡ་ཇི་ལྟར་གཏོང་སྟངས། མེ་ཐོག་མར་འབར་སྐབས་ཇི་ལྟར་གསོད་ཐབས། རང་སྐྱོབ་ཉེན་གཡོལ་ཇི་ལྟར་བྱེད་དགོས་པ་སོགས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་སྒྲོག་འགྲེལ་བྱས་པས་ཚང་མའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།