རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2024ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ། ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

ཟླ་4ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2024ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 2024ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བརྡ་ཐོ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། འགོ་ཁྲིད་ཚོགས་ཆུང་གི་2023ལོའི་ལས་དོན་སྙན་སེང་ཉན་པ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ལའེ་ཅའོ་དང་ཏུའུ་ཅན་ཀུང་ཚོགས་འདུར་ཞུགས་པ་རེད།

ལིའུ་ཅང་གིས། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་དང་སྟོབས་ཆེར་གཏོང་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ཤེས་ལྡན་པའི་འདེགས་སྐྱོར་གྱི་སྔོན་ཚུད་དམག་ཡག་པོ་རྒྱག་པ། ཤེས་ལྡན་པ“གསོ་སྐྱོང་དང་། གདན་ཞུ། སྤྱོད་པ། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱེད་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སློབ་གསོས་ཞབས་འདེགས་ཞུ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་བཅས་བྱས་ཏེ་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་ནན་པོ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་རྒྱལ་ཡོངས་སློབ་གསོའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཡར་རྒྱས་བརྩོན་ལེན་ཧུར་ཐག་བྱེད་དགོས། “དོན་ཆེན་བཞིར”དམིཌ་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས། སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པར་དམིགས་ཏེ་སྤྱི་ཚོགས་ཀྱི་ལས་དོན་སློབ་གྲྭར་སྤེལ་རྒྱུ་ཚད་ལྡན་དུ་གཏོང་བ་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་ནས། དགེ་རྒན་གྱིས་སློབ་ཁྲིད་ཡག་པོ་བྱེད་པ་དང་། སློབ་མས་སློབ་སྦྱོང་ཡག་པོ་བྱེད་པ། སློབ་གྲྭས་དོ་དམ་ཡག་པོ་བྱེད་པ་བཅས་ཕྱོགས་གསུམ་གཞི་གཅིག་ཏན་ཏིག་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

2023ལོའི་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས་2024ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལིའུ་ཅང་གིས། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག སྐོར་གཟིགས་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། སློབ་གསོའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་པ་དང་། རྨང་གཞིའི་སློབ་གསོའི་གཞི་རྩ་བརྟན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱུན་མཐུད་རྒྱ་སྐྱེད་དུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སློབ་གསོའི་དམངས་འཚོའི་དོན་དངོས་ལས་དོན་ཡག་པོ་སྒྲུབ་དགོས་པ། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་མི་འདྲ་བའི་ལས་རིགས་སློབ་གསོའི་འགག་རྩའི་ཞན་ཆ་མགྱོགས་མྱུར་བསལ་ཏེ་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཀྱི་ཤེས་ལྡན་པ་དེ་ལས་མང་བ་གསོ་སྐྱོང་བྱེད་དགོས་པ། མཐོ་རིམ་སློབ་གསོའི་སྣེ་འདྲེན་དར་སྤེལ་ཤུགས་ཆེན་བཏང་ནས་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།