མཛེས་སྡུག་ལྡན་པའི་སྔོ་ལྗང་འདམ་ར། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

འདམ་ར་དང་། ནགས་ཚལ། རྒྱ་མཚོ་བཅས་ལ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་ཞེས་འབོད་ཅིང་། དེར་ཆུ་རྩ་གསོ་བ་དང་། ཆུ་གཙང་གསིང་། གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་ནུས་པ་གལ་ཆེན་ལྡན་པས“སའི་གོ་ལའི་མཁལ་མ”ཞེས་འབོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འདམ་ར་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འདམ་རའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ལྗོངས་ཡོངས་ཀྱི་འདམ་རའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་བྱེད་ནུས་ཆེ་རུ་བཏང་བས། འདམ་རའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད། འདི་ནི་རྩྭ་ཆུ་འཛོམས་པའི་ལྷ་ཀླུ་འདམ་ར་ཡིན་པ།