སྟོད་ལུང་གིས“ལས་གྲྭ་ཁྲི་སྟོང”ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

འདི་ནི་གཙང་ཞིང་གྲལ་སྟར་འགྲིག་པའི་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་ཡིན་པ།

འདི་ནི་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཝང་ཡ་ཅོན(དཀྱིལ)གྱིས་དུད་ཚང་དུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་་བརྟག་ཞིབ་བྱེད་བཞིན་པ།

འདི་ནི་སྦངས་ཕུ་གྲོང་ཚོའི་ཡུལ་མིས་སྐར་མ་བསགས་ནས་ཅ་དངོས་དང་བརྗེ་པོ་རྒྱག་བཞིན་པ།

ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ལས་གྲྭ་ཁྲི་སྟོང”(“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”ལས་གྲྭ)གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། “གཟུགས་བརྙན་གསར་གཏོད”དང“བློ་སྦྱོང”གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་གྲོང་ཚོར་གཞིགས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་མཛེས་སྡུག་ལྡན་པའི་སྟོད་ལུང་འཛུགས་སྐྲུན་གྱི་འཆར་གཞི་བཀོད་དེ“ལས་གྲྭ་ཁྲི་སྟོང”གི་སྟོད་ལུང་གི་ལག་ལེན་དཔེ་མཚོན་བཏོད་ཡོད།

ཐོན་ལས་ནུས་སྐྱེད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་གཙོ་བོ་ནི་ཐོན་ལས་རྨང་གཞིར་འཛིན་པ་མཐའ་འཁྱོངས་བྱ་རྒྱུ་དེ་རེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཡུལ་བབ་དང་། རྨང་གཞི། ཐོན་ཁུངས་སོགས་ཀྱི་ལེགས་ཆར་དམིགས་ཏེ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་འདོན་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ནས་ས་གཙང་བདེ་ཐང་དང་། རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས་སོགས་གཙོ་བོར་བྱེད་པའི་ཁྱད་ལྡན་ཐོན་ལས་མ་ལག་རགས་ཙམ་བཙུགས་ཏེ་ཞིང་ལས་ཐོན་ལས“སྤུས་རྟགས”ཕན་འབྲས་ཆེ་རུ་དང་་དམངས་ཕྱུག་གི་ལམ་བུ་བཏོད་དེ་གྲོང་གསེབ་སྟོབས་ཆེར་གཏོང་བའི་རྨང་གཞི་བརྟན་དུ་བཏང་ཡོད།

“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་ནུས་ཤུགས་གཅིག་སྒྲིལ་གྱིས“ཡུལ་ཟོག”འཕེལ་རྒྱས་ཡག་པོ་བཏང་ནས་འགྲན་རྩོད་ནུས་པ་ཆེ་བའི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་གཏོད་དགོས། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ཤང་གཅིག་ལ་སྤུས་རྟགས་གཅིག”ལག་བསྟར་བྱས་ནས་ཁྱད་ལྡན་ས་ཁོངས་ཀྱི་སྤུས་རྟགས་བཏོད་དེ་རྒུ་རུམ་སྒྲིག་བཀོད་ཞིང་ལས་གླིང་དེ་སྐྱེ་ལྡན་སྔོ་ཚལ་ཤིང་འབྲས་མེ་ཏོག་འདེབས་འཛུགས་རྟེན་གཞི་དང་། དམར་གྲོང་རྡལ་སྒྲིག་བཀོད་ཞིང་ལས་གླིང་དེ་ཤ་མོ་འདེབས་འཛུགས་རྟེན་གཞི། བདེ་ཆེན་སྒྲིག་བཀོད་ཞིང་ལས་གླིང་དེ་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞི་བཅས་ངེས་གནས་སུ་བྱས་ནས“ཀུང་སི་དང་། རྟེན་གཞི། ཐོན་ལས་བཟོ་པ”བཅས་ཟུང་དུ་འབྲེལ་བའི་རང་བརྟེན་གཉེར་སྐྱོང་བྱེད་ཐབས་དང་། ཀུང་སི་དང་། རྟེན་གཞི། འདེབས་འཛུགས་དུད་ཆེན་བཅས་ཟུང་དུ་འབྲེལ་བའི་མཉམ་ལས་གཉེར་སྐྱོང་བྱེད་ཐབས་གསར་གཏོད་བྱས་པས། ཞིང་འབྲོག་པར་འབབ་འཕར་མངོན་འགྱུར་བྱུང་ཡོད། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ས་ཞིང་བརྒྱུད་བཤུག་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི་2289.01དང་། མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.29 ལས་ཞུགས་གཞན་སྒྱུར་གྱི་གླ་ཆའི་ཡོང་འབབ་སྒོར་དུང་ཕྱུར་1.15བཅས་ཟིན་ནས་ཁེ་ལས་དང་། གྲོང་མི། ཁྲོམ་ར། སྤྱི་ཚོགས་བཅས་ཚང་མར་ཕན་པ་ཐོབ་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

སྐར་གསོག་ལམ་ལུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།

2023ལོ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། 《སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་ལག་བསྟར་ཇུས་གཞི》དང《གྲོང་གསེབ་བཅོས་སྐྱོང་བྱེད་རིང་སྐར་གསོག་ལམ་ལུགས་སྔར་བས་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་པ་དང་། མ་དངུལ་སྒོར་ཁྲི་19.25བཏང་ནས་སྐར་གསོག་ལམ་ལུགས་ཀྱི་སྐད་འཕྲིན་བྱ་རིམ་ཆུང་ངུ་གསར་སྤེལ་བྱས་ནས་བཟོས་པ། “སྐར་གསོག་ལམ་ལུགས+”ཀྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་དང་ཁྱབ་གདལ་བཏང་ནས་གཞི་རིམ་རྩ་འཛུགས་དང་མང་ཚོགས་ཀྱི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ཏེ་བྱ་རིམ་ཆུང་ངུ་དེ་རྣམ་པ་གསར་པའི་བྱ་སྤྱོད་དྲིལ་བསྒྲགས་དང་སྐར་གསོག་ཚོང་ཁང་སོགས་བྱ་རིམ་གྱི་ལེ་ཚན་9ལ་ཕྱེ་བ། མ་དངུལ་སྒོར་ཁྲི་163བཏང་ནས་སྦངས་ཕུ་གྲོང་ཚོ་དང་སྣ་མཁར་གྲོང་ཚོ་སོགས་གྲོང་ཚོ་15ལ་སྐར་གསོག་ལམ་ལུགས་ལ་བརྟེན་ནས་ཅ་དངོས་བརྗེ་བའི་ལས་སྟེགས་སྐྲུན་རོགས་བྱས་ནས་སྐར་གསོག་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། ཞིང་འབྲོག་པའི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་ཀྱི་སྐར་གསོག་ལམ་ལུགས་དོ་དམ་དེ“བརྒྱུད་དགོས་ངེས”ཀྱི་ནང་དོན་གལ་ཆེན་ནང་བཅུག་པ་དང་ཆབས་ཅིག་ སྟོད་ལུང་བདེ་ཆེན་ཆུས་ཀྱིས“སྐར་གསོག་ལམ་ལུགས”ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་གི“སྣ་འདུས་ཐབས་བཟང”བཏོན་པས། གྲོང་གསེབ་ཀྱི“བཀོད་པ”དང“རྣམ་པ”སྔར་བས་ལེགས་སུ་ཕྱིན་ཡོད།

སྐར་གསོག་ལམ་ལུགས་བཟོས་ནས་་སྤྱོད་འགོ་ཚུགས་ཚུན། སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྔོན་ལ་ཚོད་ལྟ་དང་། རིམ་པས་སྐུལ་འདེད། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་ལས་ཀའི་གོ་རིམ་གཞིར་བཟུང་། ཚད་གཞི་དང་ཡང་ཡང་བསྡུར་ནས་སྤྱི་འདོམས་ངང་སྐུལ་འདེད་བཏང་བས་མིག་སྔར་སྐར་གསོག་ལམ་ལུགས་ལ་བརྟེན་ནས་ཅ་དངོས་བརྗེ་བའི་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ཡོད།

ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གྲོང་གསེབ་མང་ཚོགས་ཀྱིས་མྱོང་ཚོར་ཐུབ་པའི་བྱ་བ་དངོས་ནས་འགོ་བརྩམས་ཏེ། “1+3+N”ལས་གྲྭ་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། ས་ཁོངས་ཡོངས་ལ་མཛེས་སྡུག་ལྡན་པའི་སྟོད་ལུང་དང་། མཛེས་སྡུག་ལྡན་པའི་གྲོང་རྡལ། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་དང། མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་དང་། མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཁུལ། མཛེས་སྡུག་ལྡན་པའི་ཞིང་སྡེ་བཅས་ཟུང་དུ་འབྲེལ་བ་སོགས་འཛུགས་གཏོད་ཀྱི་བྱེད་སྒོར་རིམ་པ་བཞིན་སྐུལ་འདེད་བཏང་སྟེ། སྟོད་ལུང་གི་མཛེས་ལྗོངས་མངོན་པའི་ཞི་མཐུན་མཛེས་སྡུག་གི་གྲོང་གསེབ་ཁག་གཅིག་བཏོད་ཡོད། ད་ཆ་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་ཁོད་སྙོམས་ཤིང་གློག་སྒྲོན་གསལ་ལ། ཆུ་དྭངས་ཤིང་རྫིང་བུ་གཙང་བ། གྲོང་ཚོ་གཙང་ཞིང་ཁང་པ་མཛེས་པ་བཅས་གང་སར་མཐོང་རྒྱུ་ཡོད།

གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། དེར་བརྟེན་སྟོད་ལུང་བདེ་ཆེན་ཆུས་ཀྱིས“དཔེ་སྟོན་གྲོང་ཚོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། བར་གྱི་གྲོང་ཚོའི་ཞན་ཆ་གསབ་པ། ཉམས་ཞན་གྲོང་ཚོའི་རྣམ་པ་གསར་པར་སྒྱུར་བ་བཅས་ཀྱི་”བསམ་ཕྱོགས་གཞིར་བཟུང་། ཆུ་འགྲོ་དང་། གློག་སྒྲོན། གྲོང་གསེབ་ཀྱི་འགྲོ་ལམ། གད་སྙིགས་གཙང་སེལ། གཞི་གཅིག་ཅན་གྱི་བཙོག་ཆུ་གཙང་གསིང་སོགས་བཅོས་སྒྲིག་སྒྱུར་བཀོད་བྱས་པ་བརྒྱུད། རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བདེ་སྡོད་ལས་བརྩོན་གྱི་ཁོར་ཡུག་ཡག་ཏུ་ཕྱིན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད།

2021ལོ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིམ་པ་ཁག་གི་མ་དངུལ་སྒོར་དུང་ཕྱུར་9.6སྤྱི་འདོམས་བསྡུ་སྒྲིལ་བྱས་ནས། མི་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་26ལག་ལེན་བསྟར་ཏེ་མི་སྡོད་ཁོར་ཡུག་བཅོས་སྒྲིག་ཁྱོན་ཡོངས་ལ་ཁྱབ་པ་དང་། དུད་ཚང་11178ཀྱི“གསང་སྤྱོད་གསར་བརྗེ”ལེགས་གྲུབ་བྱུང་བ། བྱ་དགའི་ཁ་གསབ་དངུལ་སྒོར་ཁྲི་1045.8སྤྲད་པ། དུད་ཚང་དུ་གསང་སྤྱོད་ཁྱབ་གདལ་གཏོང་ཚད་94%ཟིན་པ། མི་ཕྱུགས་སྡོད་ས་ལོགས་དབྱེ་དང་། གཅིག་སྡུད་གསོ་ཚགས། ཚན་རིག་དང་མཐུན་པའི་གསོ་ཚགས། ཐོན་ལས་སྐྱེད་སྲིང་བཅས་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུད་ཚང་791གི་མི་ཕྱུགས་སྡོད་ས་ལོགས་སུ་དབྱེ་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཡོད།

སླད་ཕྱིན་སྟོད་ལུང་གིས“ལས་གྲྭ་ཁྲི་སྟོང”གི་གསེར་གྱི་ལྡེ་མིག་བེད་ཡག་པོ་བྱས་ནས་ཤེས་ལྡན་པ་དང་། སྐྱེ་ཁམས། རིག་གནས། ཐོན་ལས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་དང་། “ལས་གྲྭ་ཁྲི་སྟོང”ལ་བརྟེན་ནས་མི་སྡོད་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱས་ཏེ། “ལས་གྲྭ་ཁྲི་སྟོང”སྟོད་ལུང་གི་ལག་ལེན་དཔེ་མཚོན་ལ་སྐུལ་འདེད་གཏོང་ཆེད་“སྤུས་ཚད”མཐོ་རུ་དང“བཀོད་པ”ལེགས་སུ་མུ་མཐུད་གཏོང་རྒྱུ་ཡིན་པ་རེད།