2024ལོའི་བོད་ལྗོངས(ལྷ་ས)རྒྱལ་ནང་རྒྱལ་ཕྱིའི་ཚོང་ཟོག་འགྲེམས་ཚོང་ཚོང་འདུས་གཉེར་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

ཉིན་ཤས་གོང་། 2024ལོའི་བོད་ལྗོངས(ལྷ་ས)རྒྱལ་ནང་རྒྱལ་ཕྱིའི་ཚོང་ཟོག་འགྲེམས་ཚོང་ཚོང་འདུས་ལྷ་ས་གསོལ་མགྲོན་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་ཚོང་འདུས་ཉིན་6གཉེར་རིང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་མིང་གྲགས་ཅན་108གདན་དྲངས་པ་རེད། ཚོང་འདུས་ལས་གྲོང་མི་མི་ཉུང་བ་ཞིག་ཅ་དངོས་ཉོ་བར་ཡོང་བའི་ཡིད་དབང་བཀུག་ཡོད། འདི་ནི་གྲོང་མིས་ཚོང་འདུས་ཐོག་ཅ་དངོས་འདེམས་ཉོ་བྱེད་བཞིན་པ།