ལས་གནས་བརྟན་པོ་སྲུང་བ། 2024-05-04

ལྔ་གཅིག་གུང་གསེང་རིང་སྐྱིད་གྲོང་རྒྱལ་མཚམས་ནས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པར་ཞིབ་བཤེར་བྱེད་བཞིན་པ།

ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་ཅིང་ཏུང་ཟོག་འགྲེམས་ཀྱི་ལས་དོན་མི་སྣས་བསྐུར་མ་དབྱེ་བ་ཕྱེ་བཞིན་པ།

ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གཙང་སྦྲ་བས་གད་ཕྱགས་བཞིན་པ།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་རིང་། མི་མང་ཆེ་བས་སྤྲོ་སྣང་བག་ཕེབས་ངང་གུང་གསེང་ལ་རོལ་སྐབས། མི་ཚོགས་དཀྱུས་མ་འདི་དག་གིས་མེས་རྒྱལ་གྱི་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་གནས་བརྟན་པོ་སྲུང་བའམ་ཡང་ན་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ཞིང་ལས་ཐོན་སྐྱེད་ལ་བྲེལ་བ། ཡང་ན་གློག་སྒུལ་སྦག་སྦག་བཞོན་ནས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་མྱུར་སྐྱེལ་ལས་ལ་བརྩོན་པ་སོགས་ཁོང་ཚོའི་དཀའ་སྤྱད་ཀྱི་རྔུལ་ཆུ་དང་སྐད་གྲགས་མེད་པའི་གཏོང་ཕོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་གནས་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་བརྟན་པོ་བསྲུངས་ནས་ངལ་རྩོལ་གྱི་བསྟོད་གླུ་ཕུལ་ཡོད།