ཇ་ལོ“གསེར་ལོར”གྱུར་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

གཏེར་ཀོང་གྲོང་ཚོའི་ཇ་ལོ་འཐུ་ཡུལ་ཡིན་པ།

མེ་ཏོག་རྫོང་མེ་རི་གྲོང་ཚོའི་མང་ཚོགས་ཀྱིས་ཇ་ལོ་འཐུ་བཞིན་པ།

མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོའི་ཇ་འདེབས་ར་བའི་ཟུར་ཞིག་ཡིན་པ།

ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཇའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་རི་མཐོའི་ལྗང་མདོག་སྐྱེ་ལྡན་ཇ་ལོ་ལས་བྱུང་བའི་ཁེ་སྤོགས་མེ་ཏོག་རྫོང་གི་མི་དམངས་ཡོངས་ལ་ཐོབ་པར་བྱས་ཡོད།

2013ལོ་ནས་བཟུང་། མེ་ཏོག་རྫོང་གིས་ཇའི་ཐོན་ལས་ཀྱིས་གཙོས་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་གཏོད་པར་ཤུགས་སྣོན་བརྒྱབ་པས། ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ཁྲོམ་རའི་གཞི་ཁྱོན་དང་། ཐོན་འབབ། ཐོན་སྐྱེད་རིན་ཐང་བཅས་རྒྱུན་ཆད་མེད་པར་འཕར་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་ནུས་པ་ཆེན་པོ་ཐོན་ཡོད།

2015ལོ་ནས་བཟུང་། རིམ་རྩིས་བྱས་ན་མེ་ཏོག་རྫོང་གིས་ཇ་ལོ་རྒྱ་མ་ཁྲི་180ལྷག་ཙམ་བཏུས་པ་དང་། ཇའི་ཐོན་ལས་ལ་བརྟེན་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་4000ལྷག་ཙམ་བྱུང་ཡོད།