ཤིང་འཛུཌ་ནཌ་བཟོའི་ཚ་རླབས་འཕྱུར། རི་ཀླུང་སྔོ་ལྗང་གོས་ཀྱིས་བརྒྱན། —— ཆུ་ཤུར་རྫོང་མཉེས་ཐང་ཤང་གིས“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-06

ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱ་ཆེད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལྗོན་ཤིང་ལ་གཡོག་བྱེད་ཡག་པོ་བྱེད་པའི་དམིགས་ཚད་དེར་སེམས་ནུས་གཅིག་ཏུ་སྒྲིལ་བ་དང་། “སྔོ་ལྗང་སྲུང་སྐྱོང”ལས་དོན་ལ་ངར་ཤུགས་འདོན་པ། ཁོངས་གཏོགས་ཁུལ་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལག་བསྟར་གཏིང་ཟབ་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོའི་རི་ཀླུང་སྔོ་ལྗང་གིས་བརྒྱན་ཡོད།

ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱས་ཚུན། ཆུ་ཤུར་རྫོང་མཉེས་ཐང་ཤང་གིས་སྔ་རྗེས་སུ་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ཀྱི་འབྲེལ་ཡོད་སློབ་སྦྱོང་ཐེངས་60ལྷག་ཙམ་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱེད་རིང་གི་ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་ལས་སྒོའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། འགན་འཁུར་ཕོད་པ་དང་འགན་འཁྲི་དང་དུ་ལེན་ཕོད་པའི་གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་བསྐྲུན་ཡོད།

དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། མཉེས་ཐང་ཤང་གིས་ཤང་དང་གྲོང་རྡལ་དེ་གའི་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པས་ཚོགས་ཆུང་འགན་གཙང་ལེན་པའི་ལས་ཀའི་ལམ་སྲོལ་གང་ལེགས་སྤྱད་དེ། གྲོང་ཚོ་ཨུ་ལྷན་དང་དྲ་མིག་དཔོན་དང་མཉམ་དུ་མང་ཚོགས་ལ་ཕྱུགས་བཀག་རྩྭ་གསོའི་འབྲེལ་ཡོད་དྲིལ་བསྒྲགས་ལས་དོན་སྤེལ་ཏེ། མང་ཚོགས་ཚོས་ལྷོ་རི་བྱང་རིའི་སྔོ་འགྱུར་རྣམ་གྲངས་མཉམ་སྐྲུན་ལ་འཛིན་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། རྒྱ་ཆེའི་མང་ཚོགས་ཚོས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུར་སྐུལ་སློང་བྱ་ཆེད། མཉེས་ཐང་ཤང་གིས་ཏང་ཡོན་ལས་བྱེད་པ་ཐེངས་མང་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ《ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག》དང་། 《ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ཁོངས་སུ་ཕྱུགས་བཀག་རྩྭ་གསོ་ལག་བསྟར་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཀའ་རྒྱ》དྲིལ་བསྒྲགས་བྱས་པ་མ་ཟད། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་ཆིག་སྟོང་ལྷག་ཙམ་སྤྲད་པ་དང་། ཁོངས་གཏོགས་ཁུལ་གྱི་ཞིང་འབྲོག་པའི་ཁྱིམ་ཚང་1300ཡིས་རང་འགུལ་ངང《ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ཁོངས་ཀྱི་ཕྱུགས་བཀག་རྩྭ་གསོའི་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་ཅིང་། ནགས་སྲུང་འོས་འགན་ཁྱིམ་ཚང་དང་མི་སྒེར་ལ་ཁྱབ་གདལ་ཐུབ་ཡོད་པ་རེད།

མཉེས་ཐང་ཤང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱི་སྣེ་ཁྲིད་འོག་མཉེས་ཐང་ཤང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་གསོ་སྦྱོང་དུས་ཐེངས་གཉིས་གཉེར་བ་དང་ཞིང་འབྲོག་མང་ཚོགས་52གསོ་སྦྱོང་ལ་ཞུགས་ཡོད། གསོ་སྦྱོང་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ས་གནས་ས་ཐོག་ཏུ་ཤིང་འཛུགས་ནགས་བཟོ་བྱེད་པའི་བྱེད་ཐབས་གཉིས་སྤྱད་པར་བརྟེན་མཉེས་ཐང་ཤང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཀྱི་ཤིང་འཛུགས་ནགས་བཟོའི་ལག་རྩལ་མཐོ་རུ་ཕྱིན་པ་མ་ཟད། ད་དུང་མཉེས་ཐང་ཤང་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་རྣམ་གྲངས་ཀྱི་ཆེད་ལས“ནགས་སྲུང་རུ་ཁག”ཀྱང་བཙུགས་ཡོད། ཆེད་ལས“ནགས་སྲུང་རུ་ཁག”བཙུགས་རྗེས། མཉེས་ཐང་ཤང་གིས་རྣམ་གྲངས་ས་ཚིགས་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས། རྣམ་གྲངས་ཁག་གི་ཨར་ལས་ཚན་པས་མི་འདེམས་པ་དང་མི་སྤྱོད་སྐབས་སྔོན་ལ“ནགས་སྲུང་རུ་ཁག”གི་ཁོངས་མི་བསྡུ་རྒྱུར་སྐུལ་ལྕག་བྱས་པས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནགས་སྲུང་གི་ཆེད་ལས་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། མཉེས་ཐང་ཤང་གི་ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་འཕར་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མངོན་འགྱུར་བྱུང་ཡོད།

མཉེས་ཐང་ཤང་གི་ཏང་ཨུད་ཧྲུའུ་ཅི་ཚེ་བརྟན་བསམ་གྲུབ་ཀྱིས“ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་ཚུན་མཉེས་ཐང་ཤང་གིས་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ཁོངས་གཏོགས་ཁུལ་དུ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1.39བྱས་པ་དང་། ལྕང་སོན་རྐང་ཁྲི་135.46བཏབ་པ། ཆུ་འདྲེན་མདོང་ལམ་སྨི་ཁྲི་43.99ཙམ་ཁྲིད་ཡོད། ན་ནིང་མཉེས་ཐང་ཤང་ལ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ་བྱ་དགའ་ཐོབ་ཡོད”ཅེས་བཤད།