“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་འཆད་སྟེགས”ཀྱི་བྱེད་སྒོ་ཐོག་མ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-06

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་སྒྲུབ་འགན་འཁུར་བའི“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་འཆད་སྟེགས”ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཐོག་མ་དེ་ཉིང་ཁྲིར་སྤེལ་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་རྟེན་གཞིའི་དབུ་བཞུགས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་འཆད་ཁྲིད་པ་གཙོ་བའི་འགན་བཞེས་པ་དང་ཁོང་གིས་རང་ཉིད་ཀྱི་འཚོ་བ་དང་ལས་ཀའི་ཉམས་མྱོང་ལ་གཞིགས་ནས་ཚང་མར《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལག་ལེན》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་སྒྱུར་བཅོས་སྒོ་དབྱེའི་སྒུལ་ཤུགས་གཙོ་བོ་མངོན་པ་དང་། ཁོར་ཡུག་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གཙོ་བོ་མངོན་པ། རྨང་གཞིའི་འཛུགས་སྐྲུན་གྱི་འདེགས་སྐྱོར་གཙོ་བོ་མངོན་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་རྐང་འཛིན་གཙོ་བོ་མངོན་པ་བཅས་ཕྱོགས་བཞི་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་ལས་དོན་གནས་ཚུལ་མཉམ་སྤྱོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ལག་ལེན་གྱི་དཔེ་མཚོན་དང་རིགས་གཅིག་མཁས་ཅན་གྱི་སྒྲོག་འགྲེལ་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། དྲ་རྒྱ་ཡོངས་དང་ལྗོངས་ཡོངས་ལ་ཕྱོགས་ནས་མིག་སྔའི་བོད་ཀྱི“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་པར་བྱས་ཡོད།