སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རིང་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-06

ཚེས་4ཉིན་ནི་ལྔ་བཞི་གཞོན་ནུའི་དུས་ཆེན་རེད་ལ། ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་105འཁོར་བའི་དྲན་གསོའི་ཉིན་མོའང་རེད། ང་ཚོས་གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མི་ཡོངས་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ལས་དོན་པ་བཅས་ལ་སྙིང་ཐག་པ་ནས་སྨོན་འདུན་དང་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་ཤེས་ལྡན་པའི་འཚར་ལོངས་ལ་ཐུགས་ཁུར་གཟབ་བཞེས་གནང་སྟེ། གཞོན་ནུའི་ལས་དོན་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། དུས་བབ་གསར་པའི་འོག་གི་གཞོན་ནུའི་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་གསལ་བཤད། དེང་རབས་གཞོན་ནུའི་ལོ་རྒྱུས་ཀྱི་ལས་འགན་དང་འཚར་ལོངས་ཀྱི་ལམ་བུ་གསལ་སྟོན་བཅས་གནང་སྟེ། དུས་རབས་གསར་པའི་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་དང་གུང་གཞོན་སྡེ་ཚོགས་ཀྱིས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་ཏང་གི་འགོ་ཁྲིད་འོག སྡེ་ཚན་ཁག་གིས་གཞོན་ནུའི་བྱ་གཞག་ཐད་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་ལས་ཀའི་རྣམ་པ་ཞིག་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

དུས་རབས་ཀྱི་འགན་འཁྲི་གཞོན་ནུ་ཚོར་དཀྲིས་ཡོད་ལ། དུས་རབས་ཀྱི་གཟི་བརྗིད་ཀྱང་གཞོན་ནུ་ཚོར་དབང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ་དེང་རབས་བོད་ཀྱི་གཞོན་ནུ་ཚོའི་གཟི་བརྗིད་ལྡན་པའི་ལས་འགན་ཡང་རེད། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། དཔའ་ངར་ཆེན་པོས་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བ། ཕུགས་བསམ་འཆང་བ་དང་ཏན་ཏན་ཏིག་ཏིག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ནང་ལང་ཚོའི་གསོན་ཤུགས་དང་། ལང་ཚོའི་གསར་གཏོད། ལང་ཚོའི་འབད་འཐབ་བཅས་མཉམ་འདྲེས་ཐུབ་པར་བྱེད་དགོས།

ཕུགས་བསམ་གྱིས་མི་ཚེར་ཁ་ཕྱོགས་སྟོན། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཕུགས་བསམ་རླབས་པོ་ཆེ་ལྡན་པའི་ཕུགས་འདུན་དོན་གཉེར་མཁན་ཞིག་ཧུར་ཐག་བཅས་བྱས་ནས། ཀྲུང་གོ་བའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མེས་རྒྱལ་དང་མི་དམངས་ཀྱི་ཆེད་ཡུན་རིང་འབད་འཐབ་དང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་བའི་ཕུགས་བསམ་བརྟན་པོ་ཞིག་འཆང་དགོས།

གཞོན་ནུ་ནི་གསར་གཏོད་གསར་སྐྲུན་བྱེད་མཁན་གཙོ་བོ་ཡིན། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་གསར་གཏོད་བྱེད་ཕོད་པ་དང་། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ། ཚད་བརྒལ་བྱེད་ཕོད་པ་བཅས་བྱས་ནས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་བརྒྱབ་སྟེ་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཏེ་འཛུགས་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཞི་རིམ་ལ་ལེགས་སྐྱེས་འབུལ་བ་དང་། ཕ་ཡུལ་འཛུགས་སྐྲུན་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་རིང་ལང་ཚོའི་ཉམས་འགྱུར་རབ་ཏུ་མངོན་པར་བྱེད་དགོས་པ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་མཛེས་སྡུག་ལྡན་པའི་ལང་ཚོའི་གཏམ་རྒྱུད་འབྲི་དགོས་པ། བློ་བརྟན་འགྱུར་མེད་ངང་མཐའ་མཚམས་སྟོབས་ཆེ་དང་མཐའ་སྲུང་སྲ་བརྟན་ཡོང་བར་བྱས་ཏེ་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལང་ཚོའི་ལོ་ཟླའི་ཁྲོད་ནས་མངོན་པར་བྱེད་དགོས།

འབད་འཐབ་ནི་ལང་ཚོའི་ཆེས་མཛེས་སྡུག་ལྡན་པའི་རང་མདངས་ཡིན། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་ཉམས་སད་ཐེག་ཐུབ་པའི་ནུས་རྩལ་ཞུན་བརྡར་བྱས་ཏེ་ཆ་རྐྱེན་དཀའ་ཚེགས་ཆེ་བའི་གཞི་རིམ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བ། འཇོན་ཐང་འཕེལ་བ་བཅས་བྱས་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། བཟང་བཀུར་དགེ་ཕྱོགས་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཁྲོད་ནས་ཀུན་སྤྱོད་ཀྱི་འཚོ་བཅུད་བསྡུ་ལེན་བྱེད་མཁས་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་དགོས།

རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་གཏོང་བའི་ཀྲུང་གོའི་ཕུགས་འདུན་གྱིས་རྒྱ་ཆེའི་གཞོན་ནུ་རྣམས་ལ་འབོད་སྐུལ་བྱེད་བཞིན་ཡོད། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་ལྔ་བཞིའི་སྙིང་སྟོབས་ཀྱི་སྐུལ་སློང་འོག་ཏང་དང་རྒྱལ་ཁབ་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་བྱས་རྗེས་རྒྱུན་ཆད་མེད་པར་བཞག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གཏོད་པའི་རླབས་ཆེན་གྱི་བརྒྱུད་རིམ་ནང་ལང་ཚོ་དཔལ་འབར་ཐུབ་པའི་ཡིད་ཆེས་ཡོད།