ཐའེ་ཀྲོའུ་ཧོང་ཡན་ཆུས་ཀྱི་བཟོ་རྩལ་ཐོན་རྫས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   | 2024-05-06

ད་ཕན་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཧོང་ཡན་ཆུས་ཀྱི་བཟོ་རྩལ་ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བཟོ་ལྟ་ཕུན་སུམ་ཚོགས་སུ་ཕྱིན་ཏེ། ཤིང་བཟོས་བཟོ་རྩལ་ཐོན་རྫས་ཕུད། ཤེལ་ཏོག་གི་བཟོ་རྩལ་ཐོན་རྫས་དང་། ལྕགས་རིགས་ཀྱི་བཟོ་རྩལ་ཐོན་རྫས། ཤེལ་བཟོས་བཟོ་རྩལ་ཐོན་རྫས། འགྱིག་གི་མེ་ཏོག་གི་བཟོ་རྩལ་ཐོན་རྫས་སོགས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་བཏོན་པས་མིག་སྔར་རིགས་ཆེན་པོ་ཁྲི་17ལྷག་ཙམ་གྱི་ཐོན་སྐྱེད་ཀྱི་རྣམ་པ་ཞིག་ཆགས་ཡོད། ཕྱི་རྒྱལ་གྱི་ཁྲོམ་རར་འཚོང་བའི་ཐབས་ལམ་བཏོད་པ་བརྒྱུད་ཁེ་ལས་120ལྷག་ཙམ་གྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་འཇར་མན་དང་། ཕ་ཁི་སི་ཐན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་དང་ས་ཁུལ་ལ་འཚོང་གི་ཡོད། འདི་ནི་ཟླ་4ཚེས་17ཉིན་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཧོང་ཡན་ཆུས་ཀྱི་བཟོ་རྩལ་ཐོན་རྫས་ཀྱི་ཁེ་ལས་ཤིག་ནང་བཟོ་པས་མངགས་ཐོའི་ཐོན་རྫས་བཟོ་བཞིན་པ།