ཀྲུང་ཧྥའི་མི་ཆོས་རིག་གནས་མཉམ་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་ཕ་རི་སིར་འཚོགས་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   | 2024-05-06

འདི་ལོ་ནི་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་དང་ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོའང་ཡིན་ཞིང་། ཚེས་4ཉིན་ཀྲུང་ཧྥའི་མི་ཆོས་རིག་གནས་མཉམ་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་ཕ་རི་སིར་འཚོགས་པ་དང་། ཚོགས་ཞུགས་ཀྲུང་ཧྥའི་ལས་རིགས་ཁག་གི་མི་སྣས་ཐུན་མིན་གྱི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཡིན་པའི་ངོས་ནས་ཀྲུང་ཧྥས་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ངོས་འཛིན་ཆེ་རུ་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་འགྲོ་བར་རམ་འདེགས་ཐུབ་པ་མ་ཟད། ཀྲུང་ཧྥ་ཤེས་དཔལ་ཆེན་པོ་གཉིས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་ཕན་ཚུན་གྲུབ་འབྲས་མངོན་པར་བྱེད་པར་ཡང་སྐུལ་འདེད་ཐུབ་ནས་དུས་རབས་གསར་པར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་ཐུབ་ཅེས་བཤད་པ་རེད། འདི་ནི་ཟླ་5ཚེས་4ཉིན་ཧྥ་རན་སེའི་ཕ་རི་སི་ནས་པར་བླངས་པའི་ཀྲུང་ཧྥའི་མི་ཆོས་རིག་གནས་མཉམ་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་འཚོག་ཡུལ་ཡིན་པ།