དུས་ཚིགས་དང་པོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་ དངུལ་འབོར་དུས་མཚུངས་ལས་14.7%འཕར་བ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   | 2024-05-06

ཉེ་ཆར། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མགྱོགས་མྱུར་འཕར་བ་དང་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་18167.4ཟིན་པ་དེ་དུས་མཚུངས་ལས་14.7%འཕར་ཡོད།

ཤེས་བྱ་གཅིག་སྡུད་རྣམ་པའི་ཞབས་ཞུའི་ཚོང་དོན་མུ་མཐུད་འཕར་ཞིང་། དུས་ཚིགས་དང་པོར་ཤེས་བྱ་གཅིག་སྡུད་རྣམ་པའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་7332.6ཟིན་པ་དེ་5.6%འཕར་ཡོད། དེའི་ནང་ཤེས་བྱ་གཅིག་སྡུད་རྣམ་པའི་ཞབས་ཞུའི་ཕྱིར་གཏོང་སྒོར་དུང་ཕྱུར་4273.7ཟིན་ནས་2.8%འཕར་བ་དང་། འཕར་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་ཤེས་བྱའི་བདག་དབང་སྤྱོད་པའི་གྲོན་དངུལ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཀྱི་ཞབས་ཞུ་ཡོད་ཅིང་། དེ་གཉིས་ཀྱི་འཕར་ཚད་དེ་34.4%དང་19%སོ་སོར་ཟིན་ཡོད། ཤེས་བྱ་གཅིག་སྡུད་རྣམ་པའི་ཞབས་ཞུའི་ནང་འདྲེན་གྱི་སྒོར་དུང་ཕྱུར་3058.9ཟིན་ནས་9.6%འཕར་བ་དང་། འཕར་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་། ཚོང་ལས་ཞབས་ཞུ་གཞན་དག་ཡོད་ཅིང་། དེ་གཉིས་ཀྱི་འཕར་ཚད་དེ་66%དང་15.2%ཟིན་ཡོད་པ་རེད།