《ཞི་ཅིན་ཕིང་དང་གྲོགས་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   | 2024-05-06

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《ཞི་ཅིན་ཕིང་དང་གྲོགས་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་གཉིས་པ་ཀྲུང་གོ་གཞོན་ནུ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།

2020ལོའི་ཟླ་11པར། 《ཞི་ཅིན་ཕིང་དང་གྲོགས་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་དང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་རྗེས། རྒྱ་ཆེའི་གཞོན་ནུ་སློབ་མའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། 《ཞི་ཅིན་ཕིང་དང་གྲོགས་པོ་སློབ་གྲྭ་ཆེ་མོ་བ་ཚོ》དེབ་གཉིས་པར་སྔར་ཡོད་རྩོམ་ལུས་ཀྱི་རྨང་གཞིའི་ཐོག་བགྲོ་གླེང་ཁག་24ཕབ་འཇུག་བྱས་པ་བརྒྱུད། བློ་མཐུན་ཞི་ཅིན་ཕིང་ས་གནས་དང་ཀྲུང་དབྱང་དུ་ཕྱག་ལས་གནང་རིང་མཐོ་སློབ་ཏུ་ཕེབས་ནས་བརྟག་ཞིབ་དང་སློབ་ཆེན་སློབ་མ་ཚོར་ཐུགས་ཁུར་མཛུབ་ཁྲིད་གནང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་བཀོད་ཡོད་ཅིང་། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སློབ་ཆེན་སློབ་མ་ཤེས་ཡོན་ཅན་དུ་འཚར་ལོངས་ཡོང་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་གནང་ལུགས་མཚོན་གྱི་ཡོད་ལ། ང་ཚོར“གཞོན་ནུ་གྲོགས་པོ་ཚོའི་གྲོགས་པོ་བློས་ཐུབ་དང་། གཞོན་ནུའི་ལས་དོན་སྒྲུབ་མཁན་ལྷག་བསམ་ཅན། གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ”བཅས་བྱེད་པའི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་ཀྱང་བསྟན་གནང་ཡོད།