མཉམ་ལས་ཁང་གིས་ཞིང་པ་ཕྱུག་འགྱུར་ལམ་དུ་ཁྲིད། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-07

 འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་ཕུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཆོས་འཁོར་བུད་མེད་འཚེམ་བཟོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་ཡུལ་སྐོར་བར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་སྟོབས་ཆེར་གཏོང་བའི་ལས་ཀའི་གཙོ་གནད་ཆེན་པོ་གཉིས་ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ཀྱིས་མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་གཉེར་བར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་དང་ཞིང་པའི་འབབ་འཕར་གྱི་རིན་ཐང་ཕྲེང་འབྲེལ་སྣུར་སྲིང་བྱས་པས་འཕེལ་རྒྱས་ཀྱི་ཕན་འབྲས་བཟང་བ་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་ཞིང་འབྲོག་མཉམ་ལས་ཁང་འབོར་ཆེན་ཞིག་ཐོན་ཡོད།