རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-07

ཉེ་ཆར། བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆུ་གསུམ་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། རི་སྒང་མཐའ་སྲུང་ལན་ཤོག་ལོ་རྒྱུས་ཁང་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དམག་དཔུང་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་པ་དང་སྔོན་གཤེགས་དཔའ་བོའི་མཛད་རྗེས་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། མི་དམངས་ཉེན་རྟོག་པ་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་པོ་ཚོར་བ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།